རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ4པའི་ཚེས11ཉིན། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་《བདེ་ཆེན་སྨྱན་སྦྱོར་གྱི་སྲིད་དོན་འདྲི་རྩད། སྲིད་གཞུང་གི་སྤྱོད་ཚུལ་དང་ལས་རིགས་ཀུན་སྤྱོད་ཀྱི་ཐད་སྦྲེལ་ཁ་པར་》གྱི་ཐད་གཏོང་བྱེད་སྐབས་རྒྱལ་པོ་སྟེང་གྲོང་ཚོའི་གྲོང་མིས་གསར་དུ་བསྐྲུན་པའི་བཙོག་ཆུ་སྦུག་ལམ་འབྲི་ཆུའི་ནང་ཐད་ཀར་གཏོང་བའི་སྣང་ཚུལ་ཡོད་པའི་བསམ་འཆར་འབྱོར་བ་རེད། ཟླ4པའི་ཚེས15ཉིན། ཁུལ་ཨུའི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་འཕྲལ་མར་མཉམ་འགུལ་ལམ་སྲོལ་སྤེལ་འགོ་བརྩམས་ནས། ཁུལ་ཞིང་ལས་གྲོང་གསེབ་ཅུས་དང་། སྐྱེ་ཁམས་ཁོར་ཡུག་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས་བཅས་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོ་ཆུང་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་གཞུང་སྒྲུབ་བྱས་པ་རེད།
གྲལ་བཤེར་བྱས་པ་བརྒྱུད་གནད་དོན་ནི་གྲོང་མིས་རང་དགར་ཉ་རྫིང་གི་ཆུ་འབུད་དེ་བཙོག་འབུད་མདོང་ལམ་གཙོ་བོར་མཐུད་འཇུག་བྱས་པས་ཐེག་ཚད་ལས་བརྒལ་ནས་ཕྱི་རུ་འཕྱུར་བ་རེད། ལས་དོན་ཚོ་ཆུང་གིས་ཡུལ་དངོས་སུ་ཇུས་གཞི་བཟོས་པ་སྟེ། མྱུར་དུ་བཙོག་ཆུ་ཐད་ཀར་གཏོང་ནས་ཕྱི་རུ་འཕྱུར་བའི་ཁ་བཀག་པར་བྱས་ནས་སྦུག་དྲའི་གཞུང་ལམ་བསྒྱུར་བའི་ཁག་བགོས་ལས་གྲྭ་ལག་བསྟར་བྱེད་དགོས་ལ། མིག་སྔར་ཐད་ཀར་གཏོང་བའི་འགག་སྒོ་བཀག་ཟིན་པ་དང་། ཁག་བགོས་ལས་གྲྭ་སྔོན་རྩིས་ལྟར་ན་ཉིན་7ནང་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་ནུས་པ་རྒྱུན་ཐོན་ལམ་སྲོལ་བཙུགས་ནས་གྲོང་གསེབ་ཀྱི་བཙོག་ཆུའི་བཅོས་སྐྱོང་གི་ལྟ་སྐུལ་དོ་དམ་ཤུགས་སྣོན་རྒྱབ་ནས། རྒྱུན་མཐུད་ངང་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ། སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།