ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་(རྒྱ་སྐྱེད་)ཚོཊ་འདུ་དང་ཀྲུའུ་ཞི་(རྒྱ་སྐྱེད་)ཚོཊ་འདུ་འཚོཊ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ4པའི་ཚེས16ཉིན།  ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་(རྒྱ་སྐྱེད་)ཚོགས་འདུ་དང་ཀྲུའུ་ཞི་(རྒྱ་སྐྱེད་)ཚོགས་འདུ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ་གྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད།  འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་ཞིབ་འཇུག་བྱས་པ་རེད།

    ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་ཞི་མིའོ་ཡིའུ་ཧྥས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་གསུང་བཤད་གནང་བ།

    ཚོགས་འདུའི་ཐོག་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་ནས་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བདེ་ཆེན་གྱི་ལེའུ་གསར་བ་འབྲི་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་པ་རེད།  

    ཚོགས་འདུའི་ཐོག་རང་འགུལ་ངང་འབྲེལ་མཐུད་དང་།    ཧུར་བརྩོན་གྱིས་བྱ་སྤྱོད་སྤེལ་ཏེ་ནན་ཏན་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་གྲུབ་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་མཐུད་ཀྱིས་སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། “ཏང་གི་གསར་གཏོད་སྐོར་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་ནང་ཁུལ་ཅན་དུ་འགྱུར་བ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས”ཞེས་པའི་ཨུ་ཡོན་ཀྱི་དཔེ་ཀློག་བྱེད་སྒོ་ནན་ཏན་གྱིས་སྤེལ་ནས།སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ནུས་པ་དང་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།ཆེད་དོན་ཨུ་ལྷན་གྱི་“གཅིག་ཅན་བདུན”དང་རིགས་ཁོངས་ཀྱི་“གཅིག་ཅན་ལྔའི”ལས་དོན་ནན་ཏན་ངང་སྤེལ་ནས།ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་རིགས་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ནུས་ཤུགས་སྣོན་བརྒྱབ་པ་དང་། ཆེད་དོན་ཨུ་ལྷན་གྱི་ལས་དོན་ལ་“ཆེད་ལས་”ཀྱི་ཁྱད་ཆོས་དང་།    “ཆེད་ལས་”ཀྱི་སྤུས་ཚད་ཐོན་རྒྱུའི་འགན་ལེན་བྱེད་དགོས།    “གོང་བུ་འགྲིལ་བ་བཞིའི”ལས་ཀའི་བླང་བྱ་གཞིར་བཟུང་།    “སྒོ་རའི་གྲོས་མོལ”དང་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་དང་དེ་བཞིན་ཨུ་ཡོན་ཀྱི་ལས་ཁང་འཛུགས་སྐྲུན་དང་།    དོ་དམ།    བེད་སྤྱོད་སོགས་མཚོན་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལེགས་པོ་སྤེལ་ནས།སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བདེ་ཆེན་གྱི་གཙོ་གནད་ལས་དོན་དང་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་བཀྲག་ཆེ་ས་མངོན་པར་བྱས་ཏེ་དྲིལ་བསྒྲགས་གནས་འཕྲིན་སྤེལ་བར་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་སྲིད་གྲོས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    དབྱང་ཙི་ཅང་དང་། ཁྲེན་ཅུན་མིང་། སྐལ་བཟང་རྣམ་རྒྱལ།ཕན་ཞུའེ་ཡིན། ཧོ་ཞུའེ་ཐའོ་བཅས་བཅས་ཞུགས་པ་དང་།    ལས་ཁུངས་ཁྲུའུ་རིམ་པའི་ལས་བྱེད་པ་ཟུར་ཞུགས་བྱས་པ།