《གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིའི་གཏན་འབེབས》བཀྲམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།   

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིའི་གཏན་འབེབས》བཀྲམ་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་གཞིར་བཟུང་། 《གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིའི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཟོས་ཡོད། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཏན་འབེབས》བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་ནན་ཏན་ཞུས་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

《གཏན་འབེབས》ནང་ཁ་གསལ་བཏོན་དོན། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་དབང་ཆའི་འཁོར་རྒྱུག་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

《གཏན་འབེབས》ནང་བླང་བྱ་བཏོན་དོན། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིར་ཕུགས་བསམ་དད་སེམས་བརྟན་པོ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་དགོས། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་དམ་པ་དོན་གཉེར་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་དམངས་ཆེད་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། གཞུང་དྲང་སྤྱོད་གཙང་དང་འགན་སྒྲུབ་ཚད་ལྡན་བཟོས་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དེ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་བཏང་ནས་གོམས་སྲོལ་སྒྱུར་བ་དང་ཡ་རབས་ཀྱི་ཡུལ་སྲོལ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

《གཏན་འབེབས》ནང་བསྟན་དོན། རིམ་ཁག་ཏང་ཨུད་དང་ལྷག་པར་དུ་རྫོང་རིམ་པའི་ཏང་ཨུད་ཀྱིས་གྲོང་གསེབ་གཞི་རིམ་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ལས་དོན་སྡེ་ཚན་གྱི་ཞིབ་ཕྲའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིར་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་པ། ལྟ་སྐུལ་གྱི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ལྷག་པར་དུ་རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་པ་དེ་གའི་ཏང་ཨུད་ལ་གཞོགས་འདེགས་ཀྱིས་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་ལག་བསྟར་གྱི་འགན་འཁྲིའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱེད་དགོས།