ཁུལ་ཨུའི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་2025ལོའི་ཚང་འཛོམས་(རྒྱ་བསྐྱེད)ཚོགས་འདུ་དང་པོ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་4ཚེས་24ཉིན། ཁུལ་ཨུའི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་2025ལོའི་ཚང་འཛོམས་(རྒྱ་བསྐྱེད)ཚོགས་འདུ་དང་པོ་དང་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཨུའི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ཅུས་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། 

      ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ལ་མཆན་འགོད་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་སྤྱི་ཁྱབ་སྐོང་ཚོགས་བྱེད་མཁན་ཕེང་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་དཔོན་གཞོན་པའམ་ཁུལ་ཨུའི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་ཚོགས་འདུ་སྐོང་ཚོགས་བྱེད་མཁན་པའོ་ཡུས་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

   ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་ནང་2024ལོའི་ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་། ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་མ་ལག་གིས་ཡིག་སྐུར་ངོ་གཏུག་ལས་དོན་གྱི་འགན་ནུས་དང་འགན་འཁྲི་ལ་གཞི་ཚུགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གྱི་ལེའུ་གསར་པ་ཡག་པོ་འབྲི་ཆེད་ཡིག་སྐུར་ངོ་གཏུག་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་ཡོད།

     ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་ནས་འབྱུང་ཁུངས་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བར་བྱ་དགོས།བདག་སྤྲོད་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ངོ་བོ་དབྱེ་འབྱེད་གསལ་པོ་དང་། བདག་སྐྱོང་ཁ་གསལ་བྱས་ཏེ། བསྒྱུར་སྒྲུབ་དང་ལྟ་སྐུལ་དོན་འཁྱོལ་ཐུབ་པ་བྱ་དགོས། ཐག་གཅོད་ཁྲིམས་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཡིག་སྐུར་ཞུ་ཡིག་གི་དོན་དག་བཅའ་ཁྲིམས་ཀྱི་གཏན་འབེབས་དང་གོ་རིམ་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་ངོ་མ་དང་ཞིབ་བཤེར་དངོས་དང་ལྟ་སྐུལ་ཕོད་པའི་ཞིབ་བཤེར་ནན་པོ་ཡོང་བ་བྱ་དགོས།  སྒྲིག་ལམ་སྲུང་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཡིག་སྐུར་ངོ་གཏུག་ལས་དོན་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཡིག་སྐུར་ངོ་གཏུག་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

     ཚོགས་འདུའི་ཐོག་2024ལོའི་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་རྫོང་གསུམ་(གྲོང་ཁྱེར)དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཁུལ་གྱི་འགོ་ཁྲིད་ཞུང་ཝུན་པིན་དང་། ཀྲང་ལི་ཅུན། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས་པ་རེད། 

    ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)ཁག་ཏུ་འཚོགས་ཡོད།