འཇོལ་རྫོང་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་རྣམ་གྲངས་འགོ་ཚུགས་པ་དང་བཀོད་སྒྲིག་ཁང་པའི(ཐེངས་དང་པོའི་)ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་ཡེ་ཀྲི་གྲོང་རྡལ་དུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་4ཚེས་26ཉིན་སྔ་དྲོར། འཇོལ་རྫོངམཁར་གྱི་ས་གཤིས་གནོད་འཚེ་ཉེན་འགོག་གནས་སྤོ་རྣམ་གྲངས་འགོ་ཚུགས་པ་དང་བཀོད་སྒྲིག་ཁང་པའིཐེངས་དང་པོའི་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ་འཚོགས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅིལུའོ་ཁྲའོ་ཧྥེང་ལས་འགོ་འཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་རྣམ་གྲངས་དངོས་སུ་ལས་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།    ཁུལ་ཨུའི་ཧྲུའུ་ཅིགཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཁྲེན་ཙུའུ་ཅུན་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་དང་མང་ཚོགས་འཐུས་མི་དང་འཛུགས་སྐྲུན་བྱེད་མཁན་110ལྷག་ཙམ་གྱིས་དམངས་འཚོ་ལས་གྲྭ་གལ་ཆེན་དེ་འགོ་ཚུགས་པ་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།    དུས་ཚོད་10དང་སྐར་མ་30ཡས་མས་སུ། འཇོལ་རྫོངམཁར་གྱི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་འཛུགས་སྐྲུན་གྱི་རྣམ་གྲངས་འགོ་ཚུགས་པ་དང་བཀོད་སྒྲིག་ལས་གྲྭའི་ས་གཏོར་ལས་འགོ་བཙུགས་པས། འདིས་འཇོལ་རྫོངམཁར་གྱི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་དོན་དངོས་རང་བཞིན་གྱི་འཛུགས་སྐྲུན་དུས་རིམ་དུ་སླེབས་པ་མཚོན་པ་རེད། ལས་འགོ་བརྩམས་པའི་མཛད་སྒོ་མཇུག་འགྲིལ་རྗེཚོགས་འདུར་ཞུགས་པའི་འགོ་ཁྲིད་དང་མང་ཚོགས་མཉམ་དུ་འཆར་འགོད་འགྲེམས་པང་ལ་བལྟས་ནས་རྫོང་མཁར་གསར་བའི་འཆར་འགོད་དཔེ་རིས་ལ་ལྟས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཇོལ་རྫོངམཁར་གྱི་མཐའ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཆ་མང་པོ་མང་ཞིང་རྒྱ་ཆེ་བས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་པ་ཚབས་ཆེན་ཐེབས་ཡོད་པ་རེད། རྫོང་མཁར་ཉེན་འགོག་གནས་སྤོ་དེ་“མི་དམངས་གཙུག་ཏུ་འཛིན་པ་དང་ཚེ་སྲོག་གཙུག་ཏུ་འཛིན་པའི”འདུ་ཤེས་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་། རྩ་བའི་ཐོག་ནས་ས་གཤིས་ཀྱི་གནོད་འཚེ་སེལ་བ་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཇོལ་རྫོང་མཁར་ཉེན་འགོག་གནས་སྤོ་བྱ་རྒྱུའི་དོན་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནས་སྤོ་སྲིད་ཇུས་དང་རྣམ་གྲངས་མ་དངུལ་སོགས་ལྷུ་ཚིགས་ཁག་དང་ཕྱོགས་ཁག་ནས་ནུས་ཤུགས་ཡོད་རྒྱུས་རྒྱབ་སྐྱོར་བྱས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་ཉེན་འགོག་གནས་སྤོ་བྱ་རྒྱུ་དེ་མིག་སྔའི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནསམཐོ་རིམ་དུ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་དང་མ་ལག་ཅན་གྱིས་ནུས་ཆེའི་སྐུལ་འདེད་གཏོང་གི་ཡོད་པ་རེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཕྲག་ཏུ་འཁུར་ནས་2026ལོའི་ལོ་མཇུག་སྔོན་དུ་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་ཡོང་བར་བྱས་ཏེགནས་སྤོ་བྱེད་པའི་གཞི་རྩའི་ཆ་རྐྱེན་དུ་སླེབས་རྒྱུའི་འཆར་གཞི་ཡོད་པ་རེད།    ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་དང་། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཅིན་རུང་། དེ་བཞིན་ཁུལ་དང་རྫོང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་མཛད་སྒོར་ཞུགས་པ་རེད།