རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་4ཚེས་26ཉིན་སྔ་དྲོར། བདེ་ཆེན་ཁུལ་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པ་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་མཉམ་ལས་རྣམ་གྲངས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅུ་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཝེ་ཏུང་། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅུ་དང་ཏུང་ཧྲི་ཀྲང་ཁྲེན་ཙུའུ་ཅུན་བཅས་ཞུགས་ཡོད་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པས་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ལ། ཁོང་གིས་འཇོལ་རྫོང་མཁར་གྱི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་ལས་དོན་བདེ་བླག་ངང་སྐུལ་འདེད་བཏང་བ་དེས་བདེ་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། འཇོལ་རྫོང་མཁར་གནས་སྤོ་བྱེད་པའི་དམངས་འཚོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས། འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་འགན་སྲུང་སོགས་ཀྱི་ལས་དོན་ཡག་པོ་བྱས་ནས་རྣམ་གྲངས་དུས་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འབྲེལ་ཡོད་རྣམ་གྲངས་དཔེ་སྟོན་རྣམ་གྲངས་དུ་བསྐྲུན་ནས། སྔར་ལས་མང་བའི་མངའ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་རེ་བ་ཡོད་ཅེས་བཤད་པ་རེད།
ཁྲེན་ཙུའུ་ཅུན་གྱིས་ཚོགས་པས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་ཏང་ཨུ་དང་སྲིད་གཞུང་ཀྱི་བླང་བྱ་ལྟར་ཚོགས་པའི་གོང་འཕེལ་གྱི་ངེས་གནས་གཞིར་བཟུང་ལ། སྤུས་ཚད་འཛུགས་སྐྲུན་དང་སྔོ་ལྗང་འཛུགས་སྐྲུན། གཞི་གྲངས་འཛུགས་སྐྲུན། རུལ་སུང་མ་ཡིན་པའི་འཛུགས་སྐྲུན། བདེ་སྐྱིད་འཛུགས་སྐྲུན་བཅས་ཀྱི་འཛུགས་སྐྲུན་མ་འཇོག་གི་བླང་བྱ་ལྟར། འགན་འཁུར་ཚད་མཐོའི་རྣམ་འགྱུར་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད། ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་དང་། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཅིན་རུང་། དེ་བཞིན་ཁུལ་དང་རྫོང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།