རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་4ཚེས་28ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཁུལ་ཞིང་ལས་གྲོང་གསེབ་ཅུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།ཁུལ་ཡོངས་ཀྱི་“ཞིང་གསུམ་”ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ་”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཞིང་གསུམ་”ལས་དོན་གྱི་གལ་ཆེའི་རང་བཞིན་སྔར་བས་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་དགོས་པའི་སྐོར་ནན་བཤད་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་བཞུགས་མོལ་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་སྒྲོག་འབྲེལ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་ དགོངས་དོན་ནི་ང་ཚོས་དུས་རབས་གསར་པའི“ཞིང་གསུམ་”ལས་དོན་ལེགས་འགྲུབ་ཡོང་བའི་རྩ་བའི་གཞིར་འཛིན་པ་ཡིན་པས། ཁུལ་ཡོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཁག་རིམ་པ་ཁག་གིས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་དང་ཞིབ་འཇུག་ནན་བྱེད་དགོས་ལ།ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན། མཇུག་འབྲས་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་གང་ཡོད་དང་དམ་འཛིན་ཏན་ཏིག་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ལ། ཞིང་ལས་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། དོན་དངོས་དང་མཐུན་པའི་ཕན་འབྲས་ལ་བརྟེན་ནས་“གཏན་འཁེལ་གཉིས”བརྩི་བཀུར་སྲ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས་པ་ནན་གྱིས་བསྟན།
ལུའོ་ཁྲའོ་ཧྥེང་གིས་གཅིག་གྱུར་འཆར་འགོད་དམ་འཛིན་བྱས་ནས་གནད་དོན་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་དམ་འཛིན་བྱས་ཏེ་འབྲོག་ལས་དང་འདེབས་འཛུགས་ལས་རིགས་སོགས་ཚད་ལྡན་ཅན་དང་འོས་འཚམ་ཚད་རན་པོས་གཞི་ཁྱོན་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་འབད་བརྩོན་བྱས་ཏེ།ཞིང་ལས་ཀྱི་ཚན་རྩལ་གྲུབ་འབྲས་མགྱོགས་སུ་བཏང་ནས་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རོགས་རམ་བྱེད་རྒྱུར་བརྗེ་སྒྱུར་བྱེད་དགོས། “ནང་གསོ་སྐྱོང་”དང“ཕྱི་འདྲེན་”བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་དགོས། ཞིང་ལས་དང་རིག་གནས་སྐོར་གྱི་མཉམ་འདྲེས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
ལུའོ་ཁྲའོ་ཧྥེང་གིས་ཞིང་པའི་ཡོང་འབབ་དམ་འཛིན་ཏན་ཏིག་བྱས་ཏེ་ཞིང་པའི་ཡོང་འབབ་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཀྱི་ཕན་ནུས་ལྡན་པའི་སྦྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་ཕོངས་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དམ་འཛིན་ཏན་ཏིག་དང་། གྲོང་གསེབ་གྲོང་ཚོའི་ཉམས་འགྱུར་དོ་དམ་ཚོད་འཛིན་དམ་འཛིན་ཡག་པོ་བྱ་དགོས། གཞི་རིམ་གྱི་བཅོས་སྐྱོང་དམ་འཛིན་ཡག་པོ་བྱས་ཏེ་ཞིང་པ་དང་འབྲེལ་ཞིང་པ་ཁྲིད་པའི་ལམ་སྲོལ་དང་འཐུས་ཚང་དུ་གཏོང་དགོས། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བྱས་ནས་ལས་དོན་དོན་འཁྱོལ་དོན་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
ཁྲེན་ཆུན་དང་ཞུས་ཀོང་ཏེ་ཚོགས་འདུར་ཞུགས་པ་རེད།