དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གྲྭ་ངོ་སྤྲོད།
ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་གནས་ཚུལ་མདོར་བསྡུས།
རྩོམ་པ་པོ། ཚེ་རིང་གཡང་འཛོམ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 166

       ༡༩༩༤ལོའི་ཟླ༡༠པར། སྔར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་པཎ་ཆེན་རིན་པོ་ཆེ་ཡིས་མཛའ་བརྩེའི་ཐུགས་ཁུར་འོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས༼མི་རིགས་ས་ཁུལ་གྱི་རང་སྐྱོང་ཁྲིམས་ཡིག༽ནང་གི་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་ཀྱི་སློབ་གསོ་སྐུལ་སྤེལ་གཏོང་བའི་ཆོད་དོན་ལ་གཞིགས་ཏེ། བདེ་ཆེན་ཁུལ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ལོ་དེར་དངོས་སུ་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དབུ་བརྙེས་ཏེ་སློབ་མ་གསར་བསྡུས་ཀྱིས་སློབ་གྲྭ་གསར་དུ་བཙུགས་ནས་ད་བར་་ལོ་ངོ་༡༨་ཟིན་ཡོད།
       བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་ཡུན་ནན་ཞིང་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་ཆ་ཚང་ཐོབ་པའི་སློབ་འབྲིང་གཅིག་པུ་དེ་ཡིན་པ་མ་ཟད་། ད་དུང་ཞིང་ཆེན་མི་རིགས་སྐད་ཡིག་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པའི“སྐད་གཉིས”སློབ་གསོའི་ཚོད་ལྟའི་རྟེན་གཞི་ཡང་ཡིན། བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དབུ་བརྙེས་པ་ནས་ད་བར་འཕེལ་རྒྱས་ཡག་པོའི་ལམ་ཕྱོགས་སུ་འགྲོ་བཞིན་ཡོད་པས། དེས་འདང་ངེས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཡག་པོ་མཛུབ་སྟོན་བྱས་པ་མ་ཟད་སྟོང་ཕྲག་མང་པོའི་གངས་ལྗོངས་མང་ཚོགས་ལ་དྲོ་སྐྱིད་ཀྱི་འཚོ་བ་སྐྱེལ་བ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་བོད་ཁུལ་ལ་མཛའ་བརྩེའི་ཐུགས་ཁུར་མཚོན་ཐུབ་པ་རེད།

       སློབ་གྲྭ་བཙུགས་ནས་ལོ་༡༨་ཚུན་ལ། སློབ་གྲྭ་དེས་བསྡོམས་པས་སྐད་གཉིས་སློབ་མ་༡༩༦༢་གསོ་སྐྱོང་བྱས་ནས། མི་རིགས་རིག་གནས་ཕུན་སུམ་ཚོགས་པོར་བཏང་བ་དང་མི་རིགས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ཆེད་དུ་རྨང་གཞི་བརྟན་པོ་བཙུགས་ཡོད། སློབ་གསོ་དང་སློབ་ཁྲིད་ཀྱི་ཁྲོད་དུ་འདང་ངེས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་དོན་ལྟེ་བར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ལ། སློབ་མ་ལ་མི་རིགས་འདྲ་མཉམ་དང་། མི་རིགས་འཆམ་མཐུན། མཉམ་དུ་ཕུན་ཚོགས་དར་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་ཅིང་། སློབ་གྲྭ་དེས་སྐད་གཉིས་སློབ་གསོའི་ཉམས་མྱོང་མང་པོ་བསྡུས་ནས་རང་ཉིད་ཀྱི་སློབ་འཛུགས་ཁྱད་ཆོས་གསར་གཏོད་བྱས་པས། ས་ཁུལ་གྱི་བརྟན་ལྷིང་དང་རིག་གནས་ཕུན་ཚོགས་དར་རྒྱས་གཏོང་བའི་འཐབ་ས་མདུན་མ་ཞིག་ཏུ་འགྱུར་ཡོད་པ་རེད།
       ༢༠༠༩ལོའི་ལོ་མཇུག་ཏུ། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་འགོ་ཁྲིད་ཚོ་ཆུང་གིས་བཏོན་པའི“ཁུལ་གྱིས་མཐོ་རིམ་སློབ་འབྲིང་འཛུགས་པ་དང་། རྫོང་གིས་དམའ་རིམ་སློབ་འབྲིང་འཛུགས་པ། ཤང་གིས་སློབ་ཆུང་འཛུགས་པ། གྲོང་སྡེས་སློབ་སྔོན་སློབ་གསོ་འཛུགས་པའི”སློབ་འཛུགས་བསམ་བློ་ལ་གཞིགས་ཏེ་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་གཅིག་བསྡུས་སློབ་གཉེར་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ལག་བསྟར་བྱས་པ་དང་། ད་དུང༼ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་ལས་ཀ་ཤུགས་ཆེར་གཏོང་བའི་སྐོར་གྱི་གྲོས་ཆོད༽(བདེ་ཆེན་ཁུལ་གྱིས་སྤེལ་བའི་ཡིག་ཆ(༢༠༠༩)ཡིག་ཨང་བཅུ་གསུམ་པ)དང་༼ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་པར་བསྐྲུན་བྱས་ནས་སྤེལ་བའི〈གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་བཀོད་སྒྲིག་ལེགས་བཅོས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་གོང་འཕེལ་དོ་མཉམ་གཏོང་བར་སྐུལ་སྤེལ་གཏོང་བའི་འཆར་གཞིའི〉བརྡ་ཐོ༽(བདེ་ཆེན་ཁུལ་གྱི་སྤེལ་བའི་ཡིག་ཆ(༢༠༡༢)ཡིག་ཨང་དང་པོ)། བོད་ཡིག་སློབ་འབྲིང་གི་སློབ་འཛུགས་དམིགས་འབེན་ནི་མངོན་གསལ་དོད་པོ་ཡིན་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་སྐད་གཉིས་སློབ་འབྲིང་ཨང་དང་པོ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད། ད་ལྟ་ཁུལ་བོད་ཡིག་སློབ་འབྲིང་གིས་བསྐྱར་དུ་ས་གནས་འདེམས་ནས་སློབ་གྲྭ་གསར་པ་བསྐྲུན་བཞིན་ཡོད། སློབ་གྲྭའི་ལས་གྲྭའི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་༣་ལྷག་དང་བཟུང་སྤྱོད་ས་གཞི་མུའུ་༤༡༠་ཟིན་ཞིང་། སློབ་གྲྭ་གསར་པ་རུ་པར་ཡིག་ཆ་འཕྲིན་ཐོག་ཁང་དང་།ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། ལུས་རྩལ་ཁང་། བོད་རིག་གནས་ཞིབ་འཇུག་ལྟེ་གནས། སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་། དགེ་རྒན་གྱི་རིན་ཆུང་གླ་གཏོང་ཁང་པ་སོགས་ཡོད་དེ་སློབ་གྲྭ་གསར་པའི་འཆར་འགོད་སློབ་མའི་མི་གྲངས་༣༠༠༠་ཡིན།
       མིག་སྔར་སློབ་གྲྭའི་ནང་དུ་གཞུང་ལས་ཁང་དང་།སློབ་དཔྱོད་ཁང་། བོད་རིག་པའི་ཞིབ་འཇུག་ཁང་། སྤྱི་དོན་ཁྲུའུ། སློབ་དོན་ཁྲུའུ།སྲིད་སློབ་ཁྲུའུ། ནོར་རྩིས་ཁོའོ། མི་དོན་ཁོའོ།སྲུང་སྐྱོབ་ཁོའོ་བཅས་ཁང་གསུམ་ཁྲུའུ་གསུམ་ཁོའོ་གསུམ་ཡོད།དེ་མིན་རྒྱ་ཡིག་སློབ་དཔྱོད་ཁང་དང་། རྩིས་རིག་སློབ་དཔྱོད་ཁང་།དབྱིན་ཡིག་སློབ་དཔྱོད་ཁང་། བོད་ཡིག་སློབ་དཔྱོད་ཁང་། དངོས་ཁམས་སློབ་དཔྱོད་ཁང་།རྫས་འགྱུར་སློབ་དཔྱོད་ཁང་། སྐྱེ་དངོས་སློབ་དཔྱོད་ཁང་། ཆབ་སྲིད་སློབ་དཔྱོད་ཁང་།ལོ་རྒྱུས་སློབ་དཔྱོད་ཁང་། ས་ཁམས་སློབ་དཔྱོད་ཁང་། རོལ་དབྱངས་དང་། ལུས་རྩལ།མཛེས་རྩལ་ཕྱོགས་བསྡུས་སློབ་དཔྱོད་ཁང་བཅས་སློབ་དཔྱོད་ཁང་བཅུ་གཅིག་ཡོད། ད་ལྟ་དགེ་རྒན་དང་ལས་བྱེད་པ་ཁྱོན་བསྡོམས་མི་གྲངས་༢༢༤་ཡོད་པ་ལས་དགེན་༡༩༠་ཡོད་པ་དང་།ཆ་སྙོམས་ལོ་ཚད་ནི་༣༥་ཙམ་ཡིན། ད་ལོ་སློབ་གྲྭ་ཡོངས་ལ་འཛིན་གྲྭ་༥༧་ཡོད་པ་ནི།མཐོ་འབྲིང་འཛིན་གྲྭ་༢༤་དང་དམའ་འབྲིང་འཛིན་གྲྭ་༣༣་ཡིན།ད་ལྟ་སློབ་མ་ཁྱོན་བསྡོམས་༣༠༠༠་ཡོད། ༢༠༡༢ལོའི་ཟླ་བ་༩་པར་ཁྱོན་བསྡོམས་སློབ་མ་༡༩༦༢་མཐར་ཕྱིན་ཡོད་ལ།དེའི་ནང་ནས་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ་༣༤་ལ་མི་གྲངས་༡༣༥༥་ཡོད་པས།སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༥་ཡིན་པ་དང་།མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་༡༤་དང་།མི་གྲངས་༨༩༢་ཡོད། སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༦.༥་ཡིན་པ་རེད། ད་ལྟ་མཐར་ཕྱིན་གྱི་སློབ་མའི་ནང་ནས་སློབ་མ་མི་གྲངས་༡༠༠་ལྷག་ཙམ་བོད་ལྗོངས་དང་།མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཀྱི་བོད་ཁུལ་དུ་ལས་ཀར་ཞུགས་ཡོད་པ་དང་།མི་གྲངས་༥༠༠་ལྷག་ཙམ་ནི་རང་ཞིང་ཆེན་དང་རང་ཁུལ་དུ་ལས་ཀར་ཞུགས་ཡོད་པ་རེད།ད་ལོ་མཐར་ཕྱིན་པའི་མཐོ་འབྲིང་འཛིན་གྲྭ་གཉིས་ཡོད་ལ། ཁྱོན་བསྡོམས་སློབ་མ་༡༢༥་ཡོད།དེའི་ནང་ནས་སློབ་མ་༥༣་དངོས་གཞིའི་ཚན་ཁག་དང་པོའི་སློབ་ཆེན་ནང་འགྲོ་ཐུབ་པ་དང་།སློབ་མ་༥༤་ནི་དངོས་གཞིའི་ཚན་ཁག་གཉིས་པའི་སློབ་ཆེན་ནང་འགྲོ་ཐུབ་པས། སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༨་ཟིན་ཡོད་པས།ཁུལ་ཡོངས་ཀྱི་མི་དམངས་ལ་དགའ་བའི་གྲུབ་འབྲས་ལེགས་ཤོས་ཐོབ་པ་རེད།
       མདོར་ན།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་ལོ་བཅོ་བརྒྱད་ཙམ་གྱིས་གསར་བཙུགས་ལོ་རྒྱུས་ཡོད་པའི་སློབ་གྲྭ་ཞིག་ཡིན་པ་དང་།དགེ་རྒན་དང་ལས་བྱེད་པ་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ནི་རང་གི་ཚེ་སྲོག་ལྟར་གཅེས་པར་བཟུང་ནས་མཐུན་སྒྲིལ་དང་འབད་བརྩོན་བྱེད་པའི་སྙིང་སྟོབས་སྤེལ་བ་དང་།བོད་ཡིག་སློབ་འབྲིང་གི་རང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་འཛུགས་སྐྱོང་གི་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ཡོད།ང་ཚོས་སྔ་མ་དང་འདྲ་བར་ཏང་གི་སློབ་གསོའི་ལམ་ཕྱོགས་མཐར་ཕྱིན་བྱེད་པ་དང་། སློབ་གྲྭ་རང་ཉིད་ཀྱིས་སློབ་གྲྭ་འཛུགས་སྐྱོང་གི་དགོངས་དོན“མི་རིགས་ཀྱི་སློབ་གསོ་དར་འཕེལ་གཏོང་བ་དང་།མི་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ”ལ་དམ་འཛིན་བྱས་ནས། དཀའ་ངལ་སེལ་བ་དང་།མཐུན་སྒྲིལ་གྱིས་འབད་བརྩོན་བྱས་ནས་ང་ཚོའི་སློབ་གྲྭ་བོད་ཁུལ་ནང་གི་ཆེས་ཡག་ཤོས་ཀྱི་བོད་ཡིག་སློབ་འབྲིང་ཞིག་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་ཧུར་ལེན་བྱེད་བཞིན་ཡོད་དོ།།སློབ་གྲྭ་བཙུགས་ནས་ལོ་༡༨་ཚུན་ལ། སློབ་གྲྭ་དེས་བསྡོམས་པས་སྐད་གཉིས་སློབ་མ་༡༩༦༢་གསོ་སྐྱོང་བྱས་ནས། མི་རིགས་རིག་གནས་ཕུན་སུམ་ཚོགས་པོར་བཏང་བ་དང་མི་རིགས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ཆེད་དུ་རྨང་གཞི་བརྟན་པོ་བཙུགས་ཡོད། སློབ་གསོ་དང་སློབ་ཁྲིད་ཀྱི་ཁྲོད་དུ་འདང་ངེས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་དོན་ལྟེ་བར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ལ། སློབ་མ་ལ་མི་རིགས་འདྲ་མཉམ་དང་། མི་རིགས་འཆམ་མཐུན། མཉམ་དུ་ཕུན་ཚོགས་དར་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་ཅིང་། སློབ་གྲྭ་དེས་སྐད་གཉིས་སློབ་གསོའི་ཉམས་མྱོང་མང་པོ་བསྡུས་ནས་རང་ཉིད་ཀྱི་སློབ་འཛུགས་ཁྱད་ཆོས་གསར་གཏོད་བྱས་པས། ས་ཁུལ་གྱི་བརྟན་ལྷིང་དང་རིག་གནས་ཕུན་ཚོགས་དར་རྒྱས་གཏོང་བའི་འཐབ་ས་མདུན་མ་ཞིག་ཏུ་འགྱུར་ཡོད་པ་རེད།
       ༢༠༠༩ལོའི་ལོ་མཇུག་ཏུ། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་འགོ་ཁྲིད་ཚོ་ཆུང་གིས་བཏོན་པའི“ཁུལ་གྱིས་མཐོ་རིམ་སློབ་འབྲིང་འཛུགས་པ་དང་། རྫོང་གིས་དམའ་རིམ་སློབ་འབྲིང་འཛུགས་པ། ཤང་གིས་སློབ་ཆུང་འཛུགས་པ། གྲོང་སྡེས་སློབ་སྔོན་སློབ་གསོ་འཛུགས་པའི”སློབ་འཛུགས་བསམ་བློ་ལ་གཞིགས་ཏེ་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་གཅིག་བསྡུས་སློབ་གཉེར་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ལག་བསྟར་བྱས་པ་དང་། ད་དུང༼ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་ལས་ཀ་ཤུགས་ཆེར་གཏོང་བའི་སྐོར་གྱི་གྲོས་ཆོད༽(བདེ་ཆེན་ཁུལ་གྱིས་སྤེལ་བའི་ཡིག་ཆ(༢༠༠༩)ཡིག་ཨང་བཅུ་གསུམ་པ)དང་༼ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་པར་བསྐྲུན་བྱས་ནས་སྤེལ་བའི〈གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་བཀོད་སྒྲིག་ལེགས་བཅོས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་གོང་འཕེལ་དོ་མཉམ་གཏོང་བར་སྐུལ་སྤེལ་གཏོང་བའི་འཆར་གཞིའི〉བརྡ་ཐོ༽(བདེ་ཆེན་ཁུལ་གྱི་སྤེལ་བའི་ཡིག་ཆ(༢༠༡༢)ཡིག་ཨང་དང་པོ)། བོད་ཡིག་སློབ་འབྲིང་གི་སློབ་འཛུགས་དམིགས་འབེན་ནི་མངོན་གསལ་དོད་པོ་ཡིན་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་སྐད་གཉིས་སློབ་འབྲིང་ཨང་དང་པོ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད། ད་ལྟ་ཁུལ་བོད་ཡིག་སློབ་འབྲིང་གིས་བསྐྱར་དུ་ས་གནས་འདེམས་ནས་སློབ་གྲྭ་གསར་པ་བསྐྲུན་བཞིན་ཡོད། སློབ་གྲྭའི་ལས་གྲྭའི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་༣་ལྷག་དང་བཟུང་སྤྱོད་ས་གཞི་མུའུ་༤༡༠་ཟིན་ཞིང་། སློབ་གྲྭ་གསར་པ་རུ་པར་ཡིག་ཆ་འཕྲིན་ཐོག་ཁང་དང་།ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། ལུས་རྩལ་ཁང་། བོད་རིག་གནས་ཞིབ་འཇུག་ལྟེ་གནས། སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་། དགེ་རྒན་གྱི་རིན་ཆུང་གླ་གཏོང་ཁང་པ་སོགས་ཡོད་དེ་སློབ་གྲྭ་གསར་པའི་འཆར་འགོད་སློབ་མའི་མི་གྲངས་༣༠༠༠་ཡིན།
       མིག་སྔར་སློབ་གྲྭའི་ནང་དུ་གཞུང་ལས་ཁང་དང་།སློབ་དཔྱོད་ཁང་། བོད་རིག་པའི་ཞིབ་འཇུག་ཁང་། སྤྱི་དོན་ཁྲུའུ། སློབ་དོན་ཁྲུའུ།སྲིད་སློབ་ཁྲུའུ། ནོར་རྩིས་ཁོའོ། མི་དོན་ཁོའོ།སྲུང་སྐྱོབ་ཁོའོ་བཅས་ཁང་གསུམ་ཁྲུའུ་གསུམ་ཁོའོ་གསུམ་ཡོད།དེ་མིན་རྒྱ་ཡིག་སློབ་དཔྱོད་ཁང་དང་། རྩིས་རིག་སློབ་དཔྱོད་ཁང་།དབྱིན་ཡིག་སློབ་དཔྱོད་ཁང་། བོད་ཡིག་སློབ་དཔྱོད་ཁང་། དངོས་ཁམས་སློབ་དཔྱོད་ཁང་།རྫས་འགྱུར་སློབ་དཔྱོད་ཁང་། སྐྱེ་དངོས་སློབ་དཔྱོད་ཁང་། ཆབ་སྲིད་སློབ་དཔྱོད་ཁང་།ལོ་རྒྱུས་སློབ་དཔྱོད་ཁང་། ས་ཁམས་སློབ་དཔྱོད་ཁང་། རོལ་དབྱངས་དང་། ལུས་རྩལ།མཛེས་རྩལ་ཕྱོགས་བསྡུས་སློབ་དཔྱོད་ཁང་བཅས་སློབ་དཔྱོད་ཁང་བཅུ་གཅིག་ཡོད། ད་ལྟ་དགེ་རྒན་དང་ལས་བྱེད་པ་ཁྱོན་བསྡོམས་མི་གྲངས་༢༢༤་ཡོད་པ་ལས་དགེན་༡༩༠་ཡོད་པ་དང་།ཆ་སྙོམས་ལོ་ཚད་ནི་༣༥་ཙམ་ཡིན། ད་ལོ་སློབ་གྲྭ་ཡོངས་ལ་འཛིན་གྲྭ་༥༧་ཡོད་པ་ནི།མཐོ་འབྲིང་འཛིན་གྲྭ་༢༤་དང་དམའ་འབྲིང་འཛིན་གྲྭ་༣༣་ཡིན།ད་ལྟ་སློབ་མ་ཁྱོན་བསྡོམས་༣༠༠༠་ཡོད། ༢༠༡༢ལོའི་ཟླ་བ་༩་པར་ཁྱོན་བསྡོམས་སློབ་མ་༡༩༦༢་མཐར་ཕྱིན་ཡོད་ལ།དེའི་ནང་ནས་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ་༣༤་ལ་མི་གྲངས་༡༣༥༥་ཡོད་པས།སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༥་ཡིན་པ་དང་།མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་༡༤་དང་།མི་གྲངས་༨༩༢་ཡོད། སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༦.༥་ཡིན་པ་རེད། ད་ལྟ་མཐར་ཕྱིན་གྱི་སློབ་མའི་ནང་ནས་སློབ་མ་མི་གྲངས་༡༠༠་ལྷག་ཙམ་བོད་ལྗོངས་དང་།མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཀྱི་བོད་ཁུལ་དུ་ལས་ཀར་ཞུགས་ཡོད་པ་དང་།མི་གྲངས་༥༠༠་ལྷག་ཙམ་ནི་རང་ཞིང་ཆེན་དང་རང་ཁུལ་དུ་ལས་ཀར་ཞུགས་ཡོད་པ་རེད།ད་ལོ་མཐར་ཕྱིན་པའི་མཐོ་འབྲིང་འཛིན་གྲྭ་གཉིས་ཡོད་ལ། ཁྱོན་བསྡོམས་སློབ་མ་༡༢༥་ཡོད།དེའི་ནང་ནས་སློབ་མ་༥༣་དངོས་གཞིའི་ཚན་ཁག་དང་པོའི་སློབ་ཆེན་ནང་འགྲོ་ཐུབ་པ་དང་།སློབ་མ་༥༤་ནི་དངོས་གཞིའི་ཚན་ཁག་གཉིས་པའི་སློབ་ཆེན་ནང་འགྲོ་ཐུབ་པས། སློབ་རིམ་འཕར་ཚད་ནི་བརྒྱ་ཆ་༩༨་ཟིན་ཡོད་པས།ཁུལ་ཡོངས་ཀྱི་མི་དམངས་ལ་དགའ་བའི་གྲུབ་འབྲས་ལེགས་ཤོས་ཐོབ་པ་རེད།
       མདོར་ན།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་ལོ་བཅོ་བརྒྱད་ཙམ་གྱིས་གསར་བཙུགས་ལོ་རྒྱུས་ཡོད་པའི་སློབ་གྲྭ་ཞིག་ཡིན་པ་དང་།དགེ་རྒན་དང་ལས་བྱེད་པ་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ནི་རང་གི་ཚེ་སྲོག་ལྟར་གཅེས་པར་བཟུང་ནས་མཐུན་སྒྲིལ་དང་འབད་བརྩོན་བྱེད་པའི་སྙིང་སྟོབས་སྤེལ་བ་དང་།བོད་ཡིག་སློབ་འབྲིང་གི་རང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་འཛུགས་སྐྱོང་གི་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ཡོད།ང་ཚོས་སྔ་མ་དང་འདྲ་བར་ཏང་གི་སློབ་གསོའི་ལམ་ཕྱོགས་མཐར་ཕྱིན་བྱེད་པ་དང་། སློབ་གྲྭ་རང་ཉིད་ཀྱིས་སློབ་གྲྭ་འཛུགས་སྐྱོང་གི་དགོངས་དོན“མི་རིགས་ཀྱི་སློབ་གསོ་དར་འཕེལ་གཏོང་བ་དང་།མི་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ”ལ་དམ་འཛིན་བྱས་ནས། དཀའ་ངལ་སེལ་བ་དང་།མཐུན་སྒྲིལ་གྱིས་འབད་བརྩོན་བྱས་ནས་ང་ཚོའི་སློབ་གྲྭ་བོད་ཁུལ་ནང་གི་ཆེས་ཡག་ཤོས་ཀྱི་བོད་ཡིག་སློབ་འབྲིང་ཞིག་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་ཧུར་ལེན་བྱེད་བཞིན་ཡོད་དོ།།