དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
ཚད་གཞི་ལྟར་གསར་འགྱུར་གྱི་ཡིག་སྒྱུར་ལས་ཀ་ཡག་པོར་སྒྲུབ་དགོས།
རྩོམ་པ་པོ། སྒྲོལ་མ་གཡང་མཚོ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-05-02 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 150

       བོད་ཡིག་ཚགས་པར་དང་།བོད་སྐད་བརྙན་འཕྲིན།བོད་ཡིག་དྲ་བ་སོགས་རྒྱུན་མཐུད་ཀྱིས་གོང་སྤེལ་བྱུང་བ་དང་བསྟུན་ནས། དེ་དག་གི་ཟིན་བྲིས་མང་ཆེ་བ་ནི་རྒྱ་ཡིག་ཟིན་བྲིས་ལས་བསྒྱུར་ཞིང་།ནང་དོན་ཆབ་སྲིད་དང་།དཔལ་འབྱོར།སྤྱི་ཚོགས།དམག་དོན།རིག་རྩལ། རྩོམ་རིག   ཚན་རྩལ་སོགས་གཏོགས་པའི་སྟབས་ཀྱིས།རྒྱ་བོད་ཡིག་སྒྱུར་ནི་གསར་འགྱུར་ལས་ཀར་ཤིན་ཏུ་གནད་ཆེ་་བ་ཞིག་རེད།
       ཡིག་སྒྱུར་ལས་ཀ་བྱེད་པའི་ཁྲོད་དུ།གང་འདོད་ཀྱིས་ཡིག་སྒྱུར་མི་བྱེད་ཅིང་།ནན་ཏན་གྱིས་ཡིག་སྒྱུར་ཚད་གཞི་ལྟར།  ཡིག་སྒྱུར་གྱི་དམིགས་དབེན་ནན་ཏན་གྱིས་བེད་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།
       མ་ཡིག་གི་ནང་དོན་དེ་ཡང་དག་པས་མཚོན་དགོས།ཐོག་མར་མ་ཡིག་གི་གོ་བར་རྒྱུས་ལོན་བྱེད་པ་ནི་རྒྱ་བོད་གསར་འགྱུར་ཡིག་སྒྱུར་ལས་ཀའི་ནང་གི་གཞི་རྩའི་བླང་བྱ་རེད།གང་བྱུང་གིས་མ་ཡིག་གི་ནང་དོན་བཟོ་བཅོས་བྱེད་པ་དང་།དོན་དངོས་འཁྱོག་བཤད་བྱེད་པ།ཆད་ལུས་བྱེད་པ།ནང་དོན་འགྱུར་ལྡོག་གཏོང་བ་སོགས་བྱེད་མི་རུང་།
       བསྒྱུར་ཡིག་གོ་བདེ་ཤེས་སླའི་ཚད་ལྡན་ལ་ཟིན་དགོས།བསྒྱུར་མཁན་གྱིས་ཚིག་ཚོགས་མི་བདེ་བ་དང་།ཀློག་མི་བདེ་བ་སོགས་ཀྱི་གནས་ཚུལ་དག་བཅོས་བྱེད་དགོས་པ་དང་།བསྒྱུར་ཡིག་དང་མཐུན་པའི་སུམ་རྟགས་ཚད་གཞི་དང་།ཚིག་རྒྱན་རྣམ་པ་ལྟར།གསར་འགྱུར་བསྒྱུར་ཡིག་གི་དྲིལ་བསྒྲགས་ནུས་པར་སླེབས་ཐུབ་པ་བྱ་དགོས།
       མ་ཡིག་གི་ཉམས་འགྱུར་སྲུང་འཛིན་བྱེད་དགོས།མ་ཡིག་གི་སྐད་ཆའི་ཉམས་འགྱུར་དང་།མི་རིགས་ཁྱད་ཆོས།དེང་སྐབས་ཀྱི་ཁྱད་ཆོས།མི་སྒེར་གྱི་སྒྱུ་རྩལ་ཁྱད་ཆོགས་སོགས་མ་ཡིག་བསྒྱུར་བའི་ཁྲོད་དུ་སྐད་ཆ་གཉིས་བར་གྱི་བསམ་བློ་སྤྱོད་པ་དང་བསྒྱུར་ཡིག་གི་ཉམས་འགྱུར་གྱིས་མ་ཡིག་གི་ཉམས་འགྱུར་འཐུས་ཚབ་བྱེད་དགོས།