དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ངའི་གྲོགས་མོ་སྒྲོལ་མ།
རྩོམ་པ་པོ། ནམ་མཁའ་སྒྲོལ་མ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2013-05-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 167

   ང་རང་སློབ་གྲྭར་སོང་ནས་ད་ལྟའི་བར་མི་ལོ་འགའ་ཤས་འདས་པ་དང་།  དེའི་རིང་ལ་སློབ་གྲོགས་བགྲང་གིས་མི་ལང་བ་མང་པོ་ཡོད་རུང་།   དེའི་ནང་ནས་འོ་ཆུ་འདྲེས་པ་ལྟར་གྱུར་བའི་གྲོགས་མོ་བཟང་མོ་ནི་སློབ་གྲོགས་སྒྲོལ་མ་ཡིན།  
   ཁོ་མོའི་གཟུགས་གཞི་ཅུང་ཆུང་བ་དང་།  གནག་ཅིང་སྣུམ་པའི་སྐྲ་ལོ་དེ་སྐྱི་བསེར་རླུང་བུ་ལྡང་བའི་གསེབ་ན་མིག་ལ་ཤིན་ཏུ་མཛེས།   ཁོ་མོའི་ངོ་གདོང་ཆུང་ལ་འགྲམ་གཉིས་སུ་དམར་མདངས་ཆགས་ཡོད།  ཁོ་མོ་ལ་སྐད་ངག་བདེ་མོ་ཞིག་ཡོད་ལ་རྒྱུན་པར་གླུ་ཆུང་ལེན་པར་ཤིན་ཏུ་དགའ་བ་ཡིན།   རྒྱུན་པར་སློབ་གྲོགས་རྣམས་དང་ཁ་བརྡ་བྱེད་རྒྱུ་ཡང་ཤིན་ཏུ་དགའ་བ་མ་ཟད།  སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་མཁན་ཞིག་ཀྱང་ཡིན།  དེར་མ་ཟད་ཁོ་མོ་སློབ་སྦྱོང་བྱེད་པའི་བརྩོན་ཤུགས་ཆེ་བ་དང་།   སློབ་གྲོགས་ཕན་ཚུན་བར་རོགས་རམ་བྱེད་རྒྱུ་ཡང་དགའ་བ་རེད།   དེ་བས་ང་ནི་གྲོགས་མོ་སྒྲོལ་མ་ལ་ཤིན་ཏུ་དགའ་བ་དང་།  ནམ་ཡིན་ཡང་གྲོགས་པོའི་བརྩེ་འདང་དེ་མི་བརྗེད་པའི་ཡིད་ཆེས་ཡོད།