དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
སྨྱུག་སྒམ།
རྩོམ་པ་པོ། བདེ་སྐྱིད་མཚོ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2013-05-08 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 243

  

  བདག་ལ་མིག་དབང་ཅིག་ཅར་དུ་འཕྲོག་པའི་སྨྱུག་སྒམ་ཆུང་ཆུང་ཞིག་ཡོད།  དེ་ནི་ང་རང་སློབ་རིམ་གཉིས་པའི་སྐབས་སུ་ཨ་ཕ་དང་ཨ་མ་གཉིས་ཟི་ལིང་དུ་སོང་ནས་ཉོས་ཡོང་བའི་ལེགས་སྐྱེས་ཡིན། ད་ལྟ་ང་རང་སློབ་རིམ་ལྔ་བར་སླེབས་ཟིན་ནའང༌་། ད་དུང་ངའི་ལག་ན་ཡོད། 
         ངའི་སྨྱུག་སྒམ་གྱི་སྟེང་ན་མེ་ཏོག་སྣ་བརྒྱ་ལྷུག་པར་གྲོལ་བའི་མུ་མཐའ་མེད་པའི་རྩྭ་ཐང་དུ་སློབ་གྲོགས་གཉིས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་དཔེ་ཆ་བལྟ་བཞིན་ཡོད་པའི་རི་མོ་ཞིག་འདུག
    ཨ་ཅེས་རྩེད་མཚར་གྱི་ཚུལ་གྱིས་ང་ལ“སྨྱུག་སྒམ་སྟེང་ན་ཡོད་པའི་སློབ་གྲོགས་དེ་གཉིས་ནི་ཁྱོད་དང་སྲིང་མོ་རེད”ཅེས་བདག་ལ་ཀུ་རེ་བྱས་མྱོང་བ་དང༌།  བདག་གིས་ཀྱང་སློབ་གྲོགས་དེ་གཉིས་དང་མཚུངས་བར་ཧུར་བརྩོན་བྱེད་དགོས་སྙམ་པའི་ཆོད་སེམས་ཡིད་ལ་བཅངས་པ་ཡིན།     ཨ་ཕ་ཨ་མ་གཉིས་ཀྱིས་ཉོས་ཡོང་བའི་སྨྱུག་སྒམ་ཆུང་ཆུང་དེ་ང་དང་འགྲོགས་པས།  ངའི་སློབ་སྦྱོང་གི་ཕྱོགས་ལ་སྐུལ་མ་དང་རམ་འདེགས་བྱས་སྟབས།   ང་རང་དངོས་ནས་སྨྱུག་སྒམ་ཆུང་ཆུང་དེ་ལ་བརྩེ་དུང་ཟབ་མོ་ཞིག་ཆགས།