དབུ་ཤོག >> བོད་ཀྱི་རིག་གནས། >> དཔེ་གཟིགས། >> དཔེ་དེབ་འཕྲིན་གསར།
བོད་རྒྱ་དབྱིན་གསུམ་གྱི《བྲག་དཀར་སྤྲེལ་རྫོང》གི་པར་དེབ་དཔེ་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་དོན་གྲུབ། དུས་ཚོད། 2013-05-17 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 292

       

བོད་རྒྱ་དབྱིན་གསུམ་གྱི《བྲག་དཀར་སྤྲེལ་རྫོང》གི་པར་དེབ་དཔེ་བསྐྲུན་འགྲེམ་སྤེལ་བྱས།

         ཉེ་ཆར། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གཙོ་སྒྲིག་བྱས་པའི《བྲག་དཀར་སྤྲེལ་རྫོང》གི་པར་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲེམ་སྤེལ་བྱས།
      པར་དེབ་འདིའི་ནང་གཙོ་བོ་བདེ་གཤེགས་མཆོད་རྟེན་བརྒྱད་དང་དགེ་བའི་བཤེས་གཉེན་རིམ་བྱོན། བྱམས་ཁང་ཆེན་མོ། སྐུ་གསུང་ཐུགས་རྟེན། དགོན་པའི་སྣོད་ཀྱི་བཀོད་པ་སོགས་བརྗོད་གཞིར་བྱས་ནས་ལེའུ་རེ་རེ་གྲུབ་འདུག་ཅིང་།  པར་དེབ་ཀྱི་ནང་དུ་མཛེས་རིས་དང་ཡི་གེ་སྤེལ་མར་བོད་རྒྱ་དབྱིན་གསུམ་བཅས་ཡིག་རིགས་གསུམ་གྱི་སྒོ་ནས་གནས་མཆོག་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་རང་བྱུང་གི་མཛེས་ལྗོངས་དང་ལོ་རྒྱུས་བྱུང་བ་རིང་མོ་བརྗོད་ཡོད་པས། སྤྲེལ་རྫོང་དགོན་པའི་ས་རྒྱུས་དང་ལོ་རྒྱུས་སོགས་རྒྱུས་ལོན་བྱེད་མཁན་རྣམས་ལ་མཚོན་ན་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དེབ་མཆོག་ཅིག་ཡིན་ནོ། །