དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
བོད་རིགས་མང་ཚོགས་ཁམས་པའི་བརྙན་འཕྲིན་ལ་ལྟ་རྒྱུ་དགའ་བ།
རྩོམ་པ་པོ། སྒྲོལ་མ་ལྷ་མཚོ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 95

       སེམས་ཀྱི་ཉི་ཟླའི་བོད་ཡིག་འདྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་། རླུང་འཕྲིན་དང་བརྙན་འཕྲིན “གྲོང་སྡེ་ཡོངས་སུ་ཁྱབ་པའི” ལས་གྲྭ་ལག་བསྟར་དོན་འཁྱོལ་བྱས་པར་བརྒྱུད་ནས། གྲོང་གསེབ་མང་ཚོགས་ཀྱིས་ཀྱང་བརྙན་འཕྲིན་ལེ་ཚན་མང་པོར་ལྟ་ཐུབ་པར་གྱུར། ཁམས་པའི་བརྙན་འཕྲིན་ནི་བོད་རིགས་མང་ཚོགས་ལྟ་དགའ་བའི་སྒྲ་བརྙན་བརྒྱུད་ལམ་ཞིག་རེད།
      “ངས་བོད་ཡིག་སྦྱོང་མ་མྱོང་། འོན་ཀྱང་ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ལྟ་དུས་ཕལ་ཆེར་གོ་འདུག” རྒྱལ་ཐང་གྲོང་རྡལ་གྱི་ཨ་ཕྱི་དོན་གྲུབ་ཀྱིས་དེ་འདྲ་བཤད་པ། སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་ལས་ཀ་བྱེད་པའི་བུད་མེད་སྒྲོལ་མ་ལྷ་མོ་ལ་ལོ་གསུམ་ལོན་པའི་བུ་མོ་ཆུང་ཆུང་ཞིག་ཡོད་དེ། མོས་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་འགུལ་རིས་གློག་བརྙན་དང་སྐད་གཉིས་སློབ་ར་སོགས་ལེ་ཚན་ལ་སྤྲོ་སྣང་ལྡན་པ་མ་ཟད། ཁོ་ཚོའི་འགྲེལ་བཤད་ཧ་ཅང་སྙན་ཞིང་གོ་སླ་པོ་འདུག    ངའི་བུ་མོ་ཆུང་ཆུང་ཡང་ཧ་ཅང་ལྟ་དགའ་པོ་འདུག    ངའི་བུ་མོས་ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ལ་བལྟས་ན་བོད་ཡིག་སྦྱོང་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་པའི་བརྙན་འཕྲིན་ནི་བོད་ལྗོངས་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་རྗེས་སུ་འཛུགས་པའི་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་བོད་སྐད་བརྙན་འཕྲིན་ཞིག་ཡིན་ཞིང་། ཉིན་རེར་བརྙན་འཕྲིན་ཆུ་ཚོད18གཏོང་བས། དེར《གསར་འགྱུར་མཉམ་བསྒྲགས་ཀྱི་ནང་དོན་གནད་བསྡུས》དང་།《ཁམས་པའི་བརྙན་འཕྲིན་གསར་འགྱུར》 《སྐད་གཉིས་སློབ་ར》 《འཆི་མེད་གླེང་མོལ》སོགས་ལེ་ཚན་མང་པོ་ཡོད་པ་རེད།