དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་ཀྱི་ད་ཚུལ།
དགའ་ལྡན་སུམ་རྩེན་གླིང་གྲྭ་ཚང་གི་སྲུང་སྐྱོབ་དང་བསྐྱར་བཟོ་ལས་གྲྭ་ལེགས་གྲུབ་ཟིན་པ།
རྩོམ་པ་པོ། སྒྲོལ་མ་ལྷ་མཚོས་བསྒྱུར། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 203

       ཟླ10པའི་ཚེས28ཉིན་གྱི་སྔ་དྲོར་དགའ་ལྡན་སུམ་རྩེན་གླིང་གྲྭ་ཚང་གི་སྲུང་སྐྱོབ་དང་བསྐྱར་བཟོ་ལས་གྲྭའི་བཟོ་སྐྲུན་ལེགས་གྲུབ་མཛད་སྒོ་དགའ་ལྡན་སུམ་རྩེན་གླིང་དུ་གཟབ་རྒྱས་ངང་སྤེལ་བ།     (ཀྲང་གོ་ཧྭས་པར་བླངས།)

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  དགའ་ལྡན་སུམ་རྩེན་གླིང་གྲྭ་ཚང་གི་སྲུང་སྐྱོབ་དང་བསྐྱར་བཟོ་ལས་གྲྭ་ཉེ་ཆར་བཟོ་སྐྲུན་ལེགས་གྲུབ་ཟིན་ཏེ། ཟླ10པའི་ཚེས28ཉིན་གྱི་སྔ་དྲོར་ལེགས་གྲུབ་མཛད་སྒོ་སྤེལ་བ། རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་འཛིན་བསྟན་འཛིན་དང་། བོད་རང་སྐྱོང་ལྗོངས་ལྗོངས་ཨུའི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཆེ་དགྲ་ལྷ། ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་བྱམས་པ་རྒྱལ་མཚན་སོགས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་བཏང་བ། ཡུན་ནན་ཞིང་ཨུའི་རྒྱུན་ཨུ་དང་། ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི་དང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་། དགའ་ལྡན་སུམ་རྩེན་གླིང་གི་བུམ་གྲུབ་སྤྲུལ་སྐུ་བཅས་ཀྱིས་གྲྭ་ཚང་གི་བཟོ་སྐྲུན་ལེགས་གྲུབ་ཟིན་པར་ཡོལ་བའི་ཁ་འབྱེད་པརེད།
       དགའ་ལྡན་སུམ་རྩེན་གླིང་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་སྤྱི་ལེ5ཡོད་པའི་རི་ཞིག་ལ་ཆགས་ཡོད།དེ་ནི་ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་པ་ཆེ་ཤོས་ཤིག་རེད། 1674ལོར་རྒྱལ་བ་ལྔ་པ་ཆེན་མོས་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་ལ་ཞུ་ཡིག་ཕུལ་ནས་ཆོག་མཆན་ཐོབ་རྗེས། ཁོང་གིས་སྐུ་དངོས་སུ་གནས་ཡུལ་འདེམས་ནས་འཛུགས་ཏེ། “དགའ་ལྡན་སུམ་རྩེན་གླིང་”ཞེས་པའི་མཚན་གནང་བ་རེད། དགོན་པའི་གྲྭ་ཚང་ལ་དགོན་པ་ཡོངས་ཀྱི་ལྟེ་བ་དང་ཆེས་མཐོ་སར་ཆགས་ཡོད། དེ་ནི་དགེ་འདུན་རྣམས་ཀྱིས་གསུང་རབ་སློབ་སྦྱོང་བྱེད་ས་དང་ཆོས་དོན་ཞིབ་འཇུག་བྱེད་ས། ཆོས་དད་མང་ཚོགས་ཀྱིས་ཆོས་མཇལ་བ་དང་རྒྱ་ཆེ་བའི་ཡུལ་སྐོར་བས་ལྟ་སྐོར་བྱེད་ས་གཙོ་བོ་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོང་སྡེ་ཚན་ཡང་རེད། བཟོ་སྐྲུན་དུས་ཡིན་རིང་པོ་ཆགས་པའི་རྐྱེན་འདུ་ཁང་གི་རྨང་གཞི་ཞིག་རལ་དུ་ཆགས་ཡོད་དེ་ཉེན་ཡོད་ཁང་པར་གྱུར་ཡོད། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་། སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དགོན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཆེས་ཆེའི་མཐོང་ཆེན་བྱས་ནས། སུམ་རྩེན་གླིང་གྲྭ་ཚང་གི་སྲུང་སྐྱོབ་དང་བསྐྱར་བཟོའི་བསམ་འཆར་འདོན་པ་དང་། ཧུར་ཐག་ངང་གོང་རིམ་ལ་ལས་གྲྭའི་ལག་བསྟར་བྱ་རྒྱུའི་བརྩོན་ལེན་བྱས། ལས་ཀ་དེ་ལ་དགོན་པའི་དོ་དམ་ཨུ་དང་དགེ་འདུན་རྣམས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སུམ་རྩེན་གླིང་གྲྭ་ཚང་འདུ་ཁང་གི་སྲུང་སྐྱོབ་དང་བསྐྱར་བཟོ་ལ་ཆེས་ཆེ་བའི་མཐོང་ཆེན་བྱས་ཏེ། ལས་གྲྭའི་འཛུགས་སྐྲུན་མ་དངུལ་གྱི་རོགས་རམ་བྱས། འབད་བརྩོན་བྱས་པར་བརྒྱུད་ནས་འདུ་ཁང་དེ2009ལོའི་ཟླ8པར་ལས་འགོ་ཚུགས་པ་རེད། འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་དཀའ་སྡུག་ཚད་མེད་མྱངས་ཏེ། ལོ་གསུམ་བརྒྱུད་ནས་ཉེ་ཆར་བཟོ་སྐྲུན་ལེགས་གྲུབ་ཟིན་པ། གྲྭ་ཚང་འདུ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་2600བཟུང་ཡོད་ལ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་7000ཟིན་པ། ཐོག་བརྩེགས་བདུན་ཡོད་པས། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.4323འཇོག་པ་རེད།
       སུམ་རྩེན་གླིང་ནི་གནའ་སྔ་མོ་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་ལོ་རྒྱུས་ཡོད། 1936ལོར་སུམ་རྩེན་གླིང་དགེ་འདུན་གྱིས་འབྲུ་མཛོད་ཕྱེས་ནས་བཟའ་སྣུམ་གྲབས་གསོག་བྱས་ཏེ་དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་དྲུག་པའི་བྱང་སྐྱོད་ལ་རྒྱབ་སྐྱོར་བྱས་ཏེ་དམར་དམག་གི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལ་བྱས་རྗེས་བཞག་པ་རེད། རྒྱལ་ཁབ་དབུ་བརྙེས་པ་ནས་ད་ལྟའི་བར་དུ། རྒྱ་ཆེ་བའི་དགེ་འདུན་རྣམས་ཀྱིས་ཏང་གིས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་མཐའ་གཅིག་ཏུ་མེས་རྒྱལ་གཅིག་འགྱུར་ལ་རྒྱབ་སྐྱོར་བྱས་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་པ། ཁ་བྲལ་ལ་བཀག་འགོག་དང་སིམ་འཛུལ་ལ་བཀག་འགོག་བཅས་བྱས་ནས་ཡུན་ནན་བོད་ཁུལ་གྱི་བརྟན་ལྷིང་འགན་སྲུང་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།
       བཟོ་སྐྲུན་ལེགས་གྲུབ་མཛད་སྒོར་ཞུགས་པའི་ཞིང་ཆེན་རིམ་པའི་སྡེ་ཁག་དང་མུ་འབྲེལ་ས་ཁུལ་གྱི་འགོ་ཁྲིད་དང་སྐུ་མགྲོན་ལ་དབྱང་ཀོང་ཧའེ། ཞུང་ཧྲེང་ཞང་། ལི་ཀོང་ཞི། ཝུའུ་ཅན་པིན། ཐང་པིང་། རྒྱལ་མཚན། རྡོ་རྗེ་སོགས་ཡོད།
       བཟོ་སྐྲུན་ལེགས་གྲུབ་མཛད་སྒོར་ཞུགས་པའི་རང་ཁུལ་གྱི་འགོ་ཁྲིད་ཧོང་ཀྲེང་ཧུང་དང་། དབྱང་མིང་ཧྲུའུ། མ་ཝུན་ལུང་། ལི་ཚན་ཀོང་། ཏུའུ་ཡུང་ཁྲུན། ཀྲང་ཀྲི་ཅུན། ཡུས་ཧྲེང་ཞང་སོགས་ཡོད།
       བདེ་ཆེན་ཁུལ་གྱི་རྫོང་གསུམ་དང་གསར་གཏོད་ཁུལ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། ཁུལ་ཡོངས་ཀྱི་དགོན་སྡེ23གྱི་འགོ་འཛིན་དང་ཆོས་དད་མང་ཚོགས་སོགས་བཟོ་སྐྲུན་ལེགས་གྲུབ་མཛད་སྒོར་ཞུགས་པ་རེད།