ཕྲ་མཉེན་ཁ་པར་༨(Windows Phone 8)ཐོག་ཏུ་བོད་ཡིག་ཤར་ཐུབ་པའི་གནས་ཚུལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2013-07-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 273

        ཡུན་རིང་ལ་རེ་སྒུག་བྱས་པའི་དེ་རིང་། བདག་གིས་ཕྲ་མཉེན་ཚང་གི་འབྲེལ་ཡོད་གཞུང་འབྲེལ་དྲ་བ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོ་འཛམ་གླིང་དུ་བརྡ་འཕྲིན་གསར་འགྱུར་ཆེ་ཤོས་སུ་གྱུར་བསྡད་པའི་ཕྲ་མཉེན་ཁ་༨ཐོག་ཏུ་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་ཚུད་འདུག འདི་ནི་བདག་གིས་ཡུན་རིང་ལ་རེ་སྒུག་བྱས་པའི་གསར་འགྱུར་ཡིན་ཏེ། ཕྲ་མཉེན་ཚང་གི་མ་ལག་ནི་ཀུ་ཤུའི་མ་ལག་དང་མི་འདྲ་བར། ཁ་པར་ཚོང་རྟགས་སྣ་ཚོགས་ཀྱི་ཐོག་ཏུ་ཡོང་གི་ཡོད་པས། རིན་གོང་འདྲ་མིན་དང་སྤུས་ཀ་འདྲ་མིན་གྱི་བོད་ཡིག་འཆར་ནུས་ལྡན་པའི་ཁ་པར་ཁྲོམ་ར་སླེབས་རྒྱུ་རེད། ད་སྔ་མ་ལག་འདི་སྤྱད་ནས་ཁྲོམ་ལ་སླེབས་དང་སླེབས་བཞིན་པའི་ནང་དུ་Samsung, Nokia, HTCསོགས་ཡོད་ལ། ཁ་པར་རིགས་བཅུ་ཁ་ཞིག་ཡོད།