དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་སྦྱོར་ཤེས་བྱ།
དབུགས་ལམ་གྱི་འགོས་ནད་སྔོན་འགོག་བྱ་ཐབས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-09 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 150

       དགུན་དཔྱིད་དུས་སུ་དབུགས་ལམ་གྱི་འགོས་ནད་མཆེད་སྐབས་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གོན་པ་ཇེ་མཐུག་ལ་གཏོང་བ་དང་ལུས་དྲོད་སྲུང་བར་དོ་སྣང་བྱེད་དགོས། རང་ཉིད་ཀྱི་གཙང་སྦྲར་མཉམ་བཞག་ཏེ་རྒྱུན་དུ་ལུས་པོ་བཀྲུ་བ་དང་གོན་པ་བརྗེ་དགོས།བཟའ་བཏུང་གི་ཐད་ནས་ལུགས་མཐུན་སྒོས་ཟས་ཟ་བ་དང་འཚོ་བཅུད་དོ་མཉམ་ཡོང་བ་སྲུང་འཛིན་བྱས་ཏེ་ལུས་ཀྱི་ནད་འགོག་ནུས་པ་ཇེ་ལེགས་སུ་གཏོང་དགོས། འཚོ་བ་དང་བྱ་བ།སློང་སྦྱོང་བཅས་བྱེད་པའི་ཁོར་ཡུག་ནས་རྒྱུན་དུ་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གསར་བ་རྒྱུ་རུ་བཅུག་ཏེ་དྭངས་གཙང་གི་མཁའ་དབུགས་སྲུང་འཛིན་བྱེད་དགོས།ཕྱི་ནས་ཁྱིམ་དུ་ལོག་རྗེས་ཆུ་གཙང་མ་དང་འདག་རྫས་བཀོལ་ནས་ལག་པ་གཙང་མར་བཀྲུ་དགོས།འཚོ་བར་གོ་རིམ་ཡོད་པར་བྱས་ཏེ་ངལ་གསོ་དང་གཉིད་འདང་ཚད་ཅིག་ཉལ་བར་ཁག་ཐེག་དང་ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་དགོས།གཞན་ཡང་མི་མང་འདུ་སར་འགྲོ་བ་ཇེ་ཉུང་དུ་གཏོང་བ་བཅས་བྱེད་དགོས།