དབུ་ཤོག >> མི་རིགས་ཆོས་ལུགས། >> མི་རིགས་ཀྱི་ད་ཚུལ།
སེམས་ཀྱི་ཉི་ཟླའི་ལྔ་པ་རྟ་རྒྱུག་དར་ར་རྩྭ་ཐང་དུ་འཚོགས་པ།
རྩོམ་པ་པོ། ཆོས་ལྡན་གྱིས་བསྒྱུར། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 198

       ཟླ་6པའི་ཚེས་11ཉིན་གྱི་སྔ་དྲོར།    2013ལོའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དར་ར ་རྩྭ་ཐང་ནས་གཟབ་རྒྱས་ངང་འཚོགས་པ།    (པད་མ་ཚེ་རིང་གི་པར་བླངས་པ།)
       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་11ཉིན་གྱི་སྔ་དྲོར།དར་ར་ཐང་ལ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་རྟའི་འཚེར་སྐད་ག་ས་གང་དུ་ཁྱབ་པ།2013ལོའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་བྱེད་སྒོ་འདིར་གཟབ་རྒྱས་ངང་འཚོགས་པ་རེད།
       ཉེན་རྟོག་དྲག་དཔུང་ཡུན་ནན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀྲང་ཀུའེ་པོ་དང་།རང་ཁུལ་གྱི་འགོ་ཁྲིད་ཏུའུ་ཡུང་ཁྲུན་དང་ལུའུ་ཡུང་མིང་།ཡའོ་ཧྲི་ཀྲུང་།ཡུས་ཧྲེང་ཞང་།སུང་ཐའོ།ཀྲང་ཅི་ཆིན།ཤར་རྩེ་བསྟན་འཛིན་ཆོས་འཕེལ།ཞའོ་ཐུབ་བསྟན།ཡན་ཝི་ཀྲུང་བཅས་དང་།8750དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཝུའུ་ཅུན་དབྱི་དང་ཉེན་རྟོག་དྲག་དཔུང་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་དྲག་ཇུས་དམག་དཔོན་གཞོན་པ་ལི་མིང་ཧུས།ཧུང་ཡུན་ཧུང་ཧའོ་ཚོགས་པའི་སྐོར་གཟིགས་པ་ཝེ་ཀྲི་ཀང་དང་ཉེན་རྟོག་དྲག་དཔུང་བདེ་ཆེན་ཡན་ལག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ལིན་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་གིས་2013ལོའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
       སེམས་ཀྱི་ཉི་ཟླ་རྫོང་གི་རྫོང་དཔོན་ཞའོ་ཞུའེ་ཡིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་གསུང་བ།ཁོང་གིས་སེམས་ཀྱི་ཉི་ཟླ་རྫོང་ནི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཡངས་ཤིང་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ།རྒྱུ་མང་བའི་རིག་གནས་ཀྱི་རྒྱུན་རིང་ཞིང་མཁས་པ་མང་པོས་བསྟོད་བསྔགས་བྱེད་པའི་མཚར་སྡུག་ལྡན་པའི་ནོར་བུའི་ས་ཆ་ཞིག་ཡིན།དུས་ཡུན་རིང་པོའི་ཚུན་ལ།གོང་རིམ་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་བྱེད་པ་དང་།སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་ཀྱིས་ཐུགས་ཁུར་དང་རོགས་རམ་བྱས་པའི་འོག   སེམས་ཀྱི་ཉི་ཟླ་རྫོང་ཨུ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས་གསར་སྤེལ་གསར་གཏོད་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ།སེམས་ཀྱི་ཉི་ཟླའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་མུ་མཐུད་དུ་ལེགས་སུ་གཏོང་བ།བྱ་གཞག་སོ་སོ་ལ་ཁྱོན་ཡོངས་ནས་ཡར་ཐོན་བྱུང་ཞིང་།སྤྱི་ཚོགས་བརྟན་ལྷིང་ཡིན་པའི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།ལོ་རྒྱུས་དང་རིག་གནས་ཀྱི་ཉིང་བཅུད་འདུས་པའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུགས་དུས་ཆེན་དེ་ཡུལ་སྐོར་དང་རིག་གནས་གཞི་གཅིག་ཏུ་གྲུབ་ཅིང་ལུས་རྩལ་འགྲན་བསྡུར་དང་མི་རིགས་རིག་རྩལ་གཞི་གཅིག་ཏུ་གྲུབ་པའི་སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲུག་ཤུགས་ཕྱིར་མངོན་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་།སེམས་ཀྱི་ཉི་ཟླའི་རིག་གནས་སྤུས་རྟགས་བསྐྲུན་པའི་གལ་ཆེའི་རྟེན་གཞི་ཞིག་ཡིན།ཐེངས་འདིའི་རྟ་རྒྱུག་བྱེད་སྒོ་ཡིས་“མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།འཆམ་མཐུན་གྱི་སེམས་ཀྱི་ཉི་ཟླ་བསྐྲུན་པ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་གཏོང་རྒྱུ”བརྗོད་བྱ་གཙོ་བོར་འཛིན་ཏེ།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་འོག   སེམས་ཀྱི་ཉི་ཟླ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་ལྷིང་།རིག་གནས་དར་རྒྱས།ཆོས་ལུགས་གོ་རིམ་ལྡན་པ།མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་པའི་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ཕྱིར་མངོན་རྒྱུ་ཡིན་ཞེས་གསུངས་པ་རེད།              
       འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཐང་གྲོང་རྡལ་གྱི་སྒོར་བྲོ་དང་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་གཞས་དང་།སྐལ་བཟང་མེ་ཏོག་རིག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་རལ་པ་སོགས་ཀྱི་ཞབས་བྲོ་འཁྲབ་སྟོན་བྱས་ཞིང་།སེམས་ཀྱི་ཉི་ཟླའི་ཚན་སྡེབ་དང་།བློ་བཟང་ཤེས་རབ་དང་རང་ཁུལ་གྱི་གླུ་གཞས་གསར་པའི་འགྲེམ་སྟོན།ན་གཞོན་གླུ་པའི་འགྲན་བསྡུར་ཐོག་ཕུལ་དུ་བྱུང་བའི་གླུ་པའི་ལྟད་མོ་ཆེ་བའི་འཁྲབ་སྟོན་བཅས་ལ་རྒྱ་ཆེ་བའི་ལྟད་མོ་བའི་དགའ་བསུ་ཐོབ་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་འདིའི་རྟ་རྒྱུག་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྒྲུབ་པ་དང་།སེམས་ཀྱི་ཉི་ཟླ་རྫོང་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས།རྒྱལ་ཐང་གྲོང་རྡལ་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།དུས་ཡུན་ཉིན་3རིང་གི་རྟ་རྒྱུག་བྱེད་སྒོའི་ཁྲོད་དུ།རྟའི་མགྱོགས་ཚད་དང་རྟ་རྩལ།མདའ་འཕེན་པ་དང་འཕྲུལ་གཞུ་རྒྱག་པ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་འགྲན་བསྡུར་སྤེལ་བ་རེད།
       སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ།རང་ས་གནས་སུ་བཅའ་སྡོད་དམག་དཔུང་གི་འགན་འཁུར་བ་དང་ལས་བྲལ་ངལ་གསོའི་འགོ་ཁྲིད་རྒན་པ།ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་འགྲུལ་པ་དང་རང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།