དབུ་ཤོག >> མི་རིགས་ཆོས་ལུགས། >> མི་རིགས་ཀྱི་ད་ཚུལ།
དམངས་སྲོལ་ཞབས་བྲོའི་སྙན་ངག་རི་མོ་ཆེ་གྲས་སེམས་ཀྱི་ཉི་ཟླ་ཞེས་པ་དེ་སེམས་ཀྱི་ཉི་ཟླའི་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་སྟོན་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 411





       ཟླ4པའི་ཚེས་26ཉིན། རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱ་ཆེ་བའི་ལྟད་མོ་བ་མང་ཚོགས་ཀྱིས་དགའ་བསུ་བྱས་པའི་དམངས་སྲོལ་ཞབས་བྲོའི་སྙན་ངག་རི་མོ་ཆེ་གྲས་སེམས་ཀྱི་ཉི་ཟླ་ཞེས་པ་དེ་སེམས་ཀྱི་ཉི་ཟླའི་རིག་གནས་དངོས་མང་བཤམས་སྟོན་ཁང་ནས་ཡང་བསྐྱར་ལྟད་མོ་བའི་སྤྱན་ལམ་དུ་ཕུལ་བ།
       ཟློ་གར་དེ་འགོ་བརྗོད་དང་ཡུལ་སྲོལ།ཡུལ་གཅེས།ཁྱིམ་གཞིས།རྔ་བླ་སོགས་འཁྲབ་ཚན་ཁག་ལྔ་ཡོད་དེ།འཁྲབ་ཚན་རེ་རེས་སེམས་ཀྱི་ཉི་ཟླའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ།གླུ་གར་གྱི་ལམ་ནས་ཞི་བདེ་དང་འཆམ་མཐུན་གྱི་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་སྣང་བརྙན་དེ་ཕྱིར་མཚོན་ཡོད།
      ཤེས་རྟོགས་བྱུང་བར་གཞིགས་ན།ཞབས་བྲོ་དེ་བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཚོགས་ཁག་ཚད་ཡོད་ཀུང་སིའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཁྱབ་སྤེལ་ཡན་ལག་ཀུང་སིས་བསྐྲུན་ཞིང་།བདེ་ཆེན་ཁུལ་གླུ་གར་ཚོགས་པའི་གར་མཛེས་རུ་ཁག་གིས་བསྒྲིགས་པ་རེད།ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།རང་ཁུལ་གྱི་སྤུས་ལེགས་རིག་རྩལ་བརྩམས་ཆོས་ཡིན་པའི་ཆ་ནས།སེམས་ཀྱི་ཉི་ཟླ་ཞེས་པའི་དམངས་སྲོལ་ཞབས་བྲོའི་སྙན་ངག་རི་མོ་དེ།ནུབ་རེའི་ཆུ་ཚོད་7:30ནས་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞིང་།པ་སེའི་གོང་ཚད་ནི་ཀ་པ་དང་།ཁ་པ།ག་པ་བཅས་ཁག་གསུམ་དུ་བགོས་ཡོད་དེ།སོ་སོར་སྒོར280དང་སྒོར260།སྒོར་240བཅས་རེད།          (ཀྲང་གོ་ཧྭས་པར་ལེན་གསར་འགྱུར་འགོད་པ།)