དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ལོ་ནང་ལས་གྲྭ་ཡོངས་ཀྱི་35.67%ལེགས་གྲུབ་བྱུང་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 141

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་2014ལོའི་ཟླ་12པའི་ཚེས་20ཉིན་བཟོ་འགོ་ཚུགས་པའི་ཚུན་དུ།་ད་ལོའི་ཟླ་11པའི་བར་བསྡོམས་རྩིས་ལྟར་ན་དངུལ་འཇོག་སྒོར་དུང་ཕྱུར་22.19ལེགས་གྲུབ་བྱུང་བ་རེད།སྔོན་རྩིས་ལྟར་ན་ལོ་ནང་གཏན་འཇགས་དངུལ་འཇོག་སྒོར་དུང་ཕྱུར་23.45ལེགས་གྲུབ་བྱུང་བ་དང་ལས་གྲྭ་ཡོངས་ཀྱི་35.67%ལེགས་གྲུབ་བྱུང་རྒྱུ་ཡིན་པ་རེད།

     མིག་སྔར།བསྡོམས་རྩིས་ལྟར་ན་ས་ཞིང་མུའུ་5632བསྡུ་ལེན་བྱས་པ་དང་།དུད་ཚང་118ཀྱི་ཁང་པ་བཤིག་སྤོ་བྱས་པ།ཁེ་ལས་1སྤོས་བ།ས་ཞིང་བསྡུ་ལེན་བྱེད་རྒྱུའི་ཆིངས་ཡིག་850འཇོག་པ་དང་།ས་ཞིང་བསྡུ་ལེན་བྱེད་པའི་གྲོན་དངུལ་སྒོར་དུང་ཕྱུར་3སྤྲད་པ་རེད།(ཧོ་ཐན་ཅུས་ཀྱིས་པར་བླངས།)



རྩོམ་སྒྲིག་པ། (གཡང་མཚོ།)