དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
འཇོལ་རྫོང་གི་གནད་ཆེའི་རྣམ་གྲངས་ལ་དངུལ་འཇུག་སྒོར་དུང་ཕྱུར་18སྒྲུབ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 86

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོར། འཇོལ་རྫོང་ལ་གནད་ཆེའི་འཛུགས་སྐྲུན་རྣམ་གྲངས་ཁྱོན་བསྡོམས་43ཡོད་པ།དེའི་ནང་གསར་འཛུགས་རྣམ་གྲངས་43དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་40ཡོད།ཟླ་11པའི་ཚེས་20ཉིན། རྣམ་གྲངས་ཁག་81ལས་འགོ་ཚུགས་ཏེ། ལས་འགོ་ཚུགས་ཚད་97.6%ཟིན་པ།བསྡོམས་རྩིས་བྱས་པ་ལྟར་དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་114172ཡོད་དེ།དངུལ་འཇོག་སྒོར་ཁྲི་184587བཏང་བ་དང་།ལོ་འཁོར་འཆར་གཞི་དམིགས་འབེན་གྱི་88.2%ལེགས་གྲུབ་བྱུང་བ་རེད།

      ཞིང་ལས་ཞིང་གྲོང་གི་རྣམ་གྲངས་31ལས་འགོ་ཚུགས་པ།དེའི་ནང་ གསར་འཛུགས་རྣམ་གྲངས་24དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་7ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་29413ཡོད་དེ།དངུལ་འཇོག་སྒོར་ཁྲི་29302སྒྲུབ་པ།འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་10ལས་འགོ་ཚུགས་པ།དེའི་ནང་གསར་འཛུགས་རྣམ་གྲངས་4དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་6ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་12800ཡོད་དེ།དངུལ་འཇོག་སྒོར་ཁྲི་75100སྒྲུབ་པ།སྤྱི་ཚོགས་ལས་དོན་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་9འགོ་ཚུགས་པ།དེའི་ནང་གསར་འཛུགས་རྣམ་གྲངས་6དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་3ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་6994ཡོད་དེ།དངུལ་འཇོག་སྒོར་ཁྲི་5278སྒྲུབ་པ།ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་4འགོ་ཚུགས་པ།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་18060ཡོད་དེ། དངུལ་འཇོག་སྒོར་ཁྲི་19690སྒྲུབ་པ།གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་ཁག་8འགོ་ཚུགས་པ།དེའི་ནང་གསར་འཛུགས་རྣམ་གྲངས་1དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་7ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་8498ཡོད་དེ།དངུལ་འཇོག་སྒོར་ཁྲི་7179སྒྲུབ་པ།བཟོ་ལས་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་6འགོ་ཚུགས་པ།དེའི་ནང་གསར་འཛུགས་རྣམ་གྲངས་5དང་རྒྱུན་མཐུད་ཀྱིས་འཛུགས་པའི་རྣམ་གྲངས་1ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་15496ཡོད་དེ།དངུལ་འཇོག་སྒོར་ཁྲི་16086སྒྲུབ་པ།ཚོང་ར་མ་ལག་གི་འཛུགས་སྐྲུན་རྣམ་གྲངས་ཁག་1འགོ་ཚུགས་པ།བསྡོམས་རྩིས་བྱས་པ་ལྟར་དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་550ཡོད་དེ།དངུལ་འཇོག་སྒོར་ཁྲི་96སྒྲུབ་པ།ནུས་ཁུངས་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་7འགོ་ཚུགས་པ།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་17891ཡོད་དེ།དངུལ་འཇོག་སྒོར་ཁྲི་20040སྒྲུབ་པ།གཞི་རིམ་སྲིད་དབང་དང་བརྟན་སྲུང་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་2ཡོད།དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་1900ཡོད་དེ།དངུལ་འཇོག་སྒོར་ཁྲི་3338སྒྲུབ་པ།གཞན་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་3ཡོད། དངོས་སུ་སླེབས་པའི་མ་དངུལ་སྒོར་ཁྲི་3200ཡོད་དེ།དངུལ་འཇོག་སྒོར་ཁྲི་8478སྒྲུབ་པ།


རྩོམ་སྒྲིག་པ། (གཡང་མཚོ།)