དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
བདེ་ཆེན་གྱི་བོད་ལུགས་ལོ་གསར་གྱི་དགོང་ཚོགས་ཕབ་སྐྲུན་བྱས་ཚར་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 264

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོ་ཚེས་14ཉིན་ནས་ཚེས་15ཉིན།མེ་བྱ་དམར་པོས་བཀྲ་ཤིས་ལོ་གསར་བསུ་བ་ཞེས་པའི་བདེ་ཆེན་གྱི་བོད་ལུགས་ལོ་གསར་གྱི་དགོང་ཚོགས་སེམས་ཀྱི་ཉི་ཟླའི་དངོས་མང་བཤམས་སྟོན་ཁང་གི་ཟློས་གར་ཁང་དུ་ཕབ་སྐྲུན་བྱས་ཤིང་།2017ལོའི་ཟླ་2པའི་ཚེས་27ཉིན་གྱི་དགོང་མོར།བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་གྱི་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་དང་ཁམས་པའི་བོད་སྐད་འཕྲིན་ལམ་ཐོག་གཏོང་རྒྱུ་རེད།

   དགོང་ཚོགས་ནི་གླེང་གཞི་དང་མཛེས་སྡུག་ལྡན་པའི་བདེ་ཆེན།བདེ་སྐྱིད་ཀྱི་བདེ་ཆེན།འཆམ་མཐུན་ལྡན་པའི་བདེ་ཆེན།མཇུག་ཆ་བཅས་ཀྱིས་གྲུབ་པ་དང་།བདེ་ཆེན་དང་མཐའ་སྐོར་བོད་ཁུལ་ནས་ཡོང་བའི་ཆེད་ལས་འཁྲབ་མཁན་དང་དམངས་ཁྲོད་སྒྱུ་རྩལ་མི་སྣ་ཁྱོན་བསྡོམས་200ལྷག་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་18ཡོད།

   གླེང་གཞི། དགའ་སྤྲོ་འཁོར་བའི་ལོ་གསར་བསུ་བ།

        ལེའུ་དང་པོ། མཛེས་སྡུག་ལྡན་པའི་བདེ་ཆེན།

   བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་ཉི་ཤར་བྱམས་གླུ་འཁྲབ་པ།


ཁམས་པའི་ལྕམ་མོ་ཚན་སྡེབ་སོགས་ཀྱིས་གླུ་དབྱངས་ལེན་པ།


བདེ་ཆེན་ཁུལ་རིག་གནས་ཁང་གིས་རྨ་བྱ་ཡིས་ཆུ་རྩེད་བྱེད་པ་ཞེས་པའི་གླུ་གར་འཁྲབ་པ།


    བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་སློབ་ཆུང་གིས་བྲོ་འཁྲབ་པ།



     ཐན་ལན་ཚན་སྡེབ་ཀྱིས་སེམས་ཀྱི་ཉི་ཟླ་ཞེས་པའི་གླུ་དབྱངས་ལེན་པ།


   ལེའུ་གཉིས་པ། བདེ་སྐྱིད་ཀྱི་བདེ་ཆེན།

བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་རྒྱང་རྒྱག་པ་ཞེས་པ་དང་འབྲོག་ཁུལ་གྱི་བུ་མོ་ཞེས་པ་འཁྲུབ་པ།


བདེ་ཆེན་རང་ཡུལ་གྱི་གླུ་པ་བློ་བཟང་ཤེས་རབ་ཀྱིས་རྒྱལ་ཐང་གི་ལ་གཞས་ཞེས་པ་ལེན་པ།


ཚེ་ལྡན་པོ་དང་ཟླ་བ་སྒྲོལ་མ་ཡིས་གླུ་དབྱངས་ལེན་པ།


གངས་ཕྲུག་ཚན་སྡེབ་ཀྱིས་སྤྲོ་སྣང་ལྡན་པའི་སྐོར་བྲོ་ཞེས་པ་འཁྲབ་སྟོན་བྱེད་པ།


ལེའུ་གསུམ་པ། འཆམ་མཐུན་ལྡན་པའི་བདེ་ཆེན།

འབག་བྲོ་འཁྲབ་པ།


ལི་སུའུ་རིགས་ཀྱི་ཝ་ཆི་ཆི་འཁྲབ་པ།


འབྲི་ཆུའི་བུ་མོ་འཁྲབ་པ།


མཐའ་ཆུའི་རས་པ་འཁྲབ་པ།


སེམས་ཀྱི་ཉི་ཟླ་ཚན་སྡེབ་ཀྱིས་རང་ཁྱིམ་ཤམ་བྷ་ལར་ཡོད་པ་ཞེས་པའི་གླུ་དབྱངས་ལེན་པ།

ཚེ་རིང་བསམ་གྲུབ་ཀྱིས་གླུ་དབྱངས་ལེན་པ།


   ལེའུ་བཞི་བ། མཇུག་ཆ།

བདེ་ཆེན་རང་ཡུལ་གྱི་གླུ་མ་སྒྲོལ་མ་ལྷ་མཚོ་ཡིས་མེ་རྒྱལ་བཀྲ་ཤིས་བདེ་ལེགས་ཞེས་པའི་གླུ་ལེན་པ།


གླུ་དབྱངས་མེ་བྱ་དམར་པོས་བཀྲ་ཤིས་ལོ་གསར་བསུ་བ་ཞེས་པའི་བརྗོད་བྱ་གཙོ་བོའི་གླུ་དབྱངས་ཀྱི་ཁྲོད་དགོང་ཚོགས་མཇུག་སྒྲིལ་བ།



རྩོམ་སྒྲིག་པ། (གཡང་མཚོ།)