དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཞྭ་མོ་བཟོས་ཏེ་འབབ་འཕར་གཏོད།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-14 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 87


       ཉེ་བའི་ལོ་ཤས་རིང་།རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་སྤེལ་བྱ་རྒྱུ་ཚད་བརྒལ་སར་བྱས་ནས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངུལ་སྨར་ཡོང་འབབ་མང་དུ་བཏང་བ་རེད།ཞྭ་མོ་ཚེ་རིང་སྐྱིན་ཁེབས་བཟོ་བའི་ལག་རྩལ་ལ་བརྟེན་ནས་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་དགའ་ཚལ་གྲོང་ཚོའི་གྲོང་མི་པ་སངས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཐུབ་པ་མ་ཟད།གྲོང་ཚོ་དེའི་གྲོང་མི་སྒྲིག་འཛུགས་བྱས་ནས“གངས་ལྗོངས་ཞྭ་མོ་ཚེ་རིང་སྐྱིན་ཁེབས”ཞེས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པར་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ནས་གྲོང་མི་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྨང་གཞི་བརྟན་པོ་བཏིང་ཞིང་།འདི་ནི་མཉམ་ལས་ཁང་གི་བཟོ་པས་ཞྭ་མོ་ཚེ་རིང་སྐྱིན་ཁེབས་འཚེམ་པའི་གནས་ཚུལ་ཡིན་པ།


རྩོམ་སྒྲིག་པ། (གཡང་མཚོ།)