དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
སེམས་ཀྱི་ཉི་ཟླའི་མི་རིགས་དུས་ཆེན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-17 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 175

 

    ངོ་མཚར་ཆེ་ཞིང་གསོན་ཉམས་ལྡན་པའི་རི་ཀླུང་ན། གདོད་མའི་མི་རིགས་ཀྱི་རིག་གནས་གསོག་ཡོད་ཅིང་། དེ་དག་ལས་སེམས་ཀྱི་ཉི་ཟླའི་མི་རིགས་སོ་སོའི་སེམས་རྒྱུད་དྲང་ཞིང་། རང་བཞིན་བཟང་བའི་ཡ་རབས་ཀྱི་གཤིས་སྤྱོད་གྲུབ་པ་མ་ཟད། ཡུལ་ཁམས་འདིའི་མི་རིགས་ཀྱི་དུས་སྟོན་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ལྡན་པར་བྱས་ཡོད། ལྔ་པའི་རྟ་རྒྱུག་དུས་ཆེན་ནི་རྫོང་ཡོངས་ཀྱི་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཡིན་པ་དང་། སྐབས་དེར་རྟ་རྒྱུག་འགྲན་བསྡུར་ལ་དགའ་བའི་མི་མང་པོ་གཞི་གཅིག་ཏུ་འཛོམས་ནས་རྟ་རྩལ་འགྲན་ཏེ་དགའ་སྤྲོའི་དུས་ཆེན་རོལ་བ་ཡིན། གཏོ་པ་དང་དགུ་གཏོར་དུས་ཆེན་གཉིས་ནི་ཆོས་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དུས་ཆེན་གཉིས་ཡིན་པ་དང་། རྣམ་པ་ངོ་མཚར་ཞིང་གསང་བ་ལྐོག་གྱུར་ཅན་ཞིག་ཏུ་ཆགས་ཡོད་ལ། ནང་དོན་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡིན། འཇང་རིགས་ཀྱི་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་དུས་ཆེན་དང་། དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན་སོགས་ནི་མི་རིགས་སོ་སོའི་མང་ཚོགས་ཀྱིས་རང་ཉིད་ཀྱི་སེམས་འདུན་དྲོན་མོ་མངོན་པར་མཚོན་པའི་སྣང་ཚུལ་ཞིག་ཏུ་གྲུབ་འདུག