དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བདེ་ཆེན་གྱི་ལོ་རྒྱུས།
ཁ་བ་དཀར་པོ་ནི་བོད་བརྒྱུད་ནང་བསྟན་གྱི་གནས་མཇལ་བྱེད་ས་མཆོག་ཏུ་གྱུར་བ་ཞིག་ཡིན།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-04-17 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 217

 

 

    ཁ་བ་དཀར་པོ་ནི་བོད་བརྒྱུད་ནང་བསྟན་གྱི་གནས་མཇལ་བྱེད་ཡུལ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་། ལོ་རེའི་སྟོན་མཇུག་དང་དགུན་སྟོད་དུ། བོད་མི་ཁྲི་སྟོང་མང་པོས་ལུག་ཁྲིད་དེ་ལྷ་བསང་གཏོང་ཞིང་མཆོད་བསྟོད་བྱེད་པའི་རྣམ་པ་དེ་ནི་དངོས་ནས་བརྗེད་དཀའ་ཞིང་ཡིད་སེམས་འགུག་པ་ཞིག་ཡིན། ངག་རྒྱུན་དུ་ཨ་མྱེས་ཁ་བ་དཀར་པོའི་ལོ་རིས་ནི་གཡང་དཀར་ལུག་ལ་བབས་ཤིང་། ལོ་གསར་གྱི་ལོ་རིས་དེ་ལུག་ལ་འཁེལ་བ་ཡིན་ན། གནས་མཇལ་བྱེད་མཁན་ལྡབ་འགྱུར་གྱིས་མང་བ་ཡིན།

ཁ་བ་དཀར་པོ་གནས་མཇལ་བྱེད་པའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཆེས་ཉུང་ནའང་ལོ་ངོ700ལྷག་གི་ལོ་རྒྱུས་ཡོད། ངག་རྒྱུན་ལྟར་ན་གནས་མཇལ་བྱེད་པའི་སྲོལ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་གྲུབ་མཐའ་དང་འབྲེལ་བ་ཡོད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་དད་ལྡན་པ་ཁྲི་སྟོང་མང་པོས་ཞབས་ཀྱིས་བཅག་པའི་སྐོར་ལམ་ནི་ད་ལྟའི་དུས་ལའང་འདི་ལྟར་གདོད་མའི་ངང་ཚུལ་བཟུང་ནས་བསྡད་ཡོད།

(ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།)