དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
རྒན་གསོ་ཁང་དུ་ལོ་གསར་གྱི་ངང་ཚུལ་ཁེངས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 262

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་2པའི་ཚེས་7ཉིན(ལོ་གསར་གནམ་གང་)།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་རྒན་གསོ་ཁང་ནང་དུ་འདྲ་མིན་སྣ་ཚོགས་ཀྱི་ཞིང་བྲས་བཟོ་བར་བྲེལ་བཞིན་ཡོད་དེ།དགའ་སྤྲོ་འཁོལ་བའི་ངང་ལོ་གསར་གཏོང་བའི་གནས་ཚུལ་ཞིག་མངོན་ཡོད།    

        ཕྱི་དྲོའི་ཆུ་ཚོད་དང་པོར།རྒན་གསོ་ཁང་གི་དོ་དམ་བྱེད་མིས་རྒན་པ་ཚོ་ལ་སྐྲ་ཁྲུས་པ་དང་བཞར་རོགས་བྱེད་བཞིན་ཡོད།རྒན་པ་དོན་གྲུབ་ཀྱིས་གསར་འགོད་པར་སྐྲ་བཞན་ནས་ལོ་གསར་གཏོང་བ་ནི་མི་རབས་ནས་མི་རབས་བར་དུ་དར་བའི་གོམས་སྲོལ་ཞིག་རེད་ཅེས་བཤད་བྱུང་།ལོ་རེ་བཞིན་གྱི་ལོ་གསར་སླེབས་ཉེ་བའི་སྐབས་སུ།དོ་དམ་བྱེད་མིས་རྒན་པ་ཚོ་ལ་སྐྲ་ཁྲུས་བ་དང་སྐྲ་བཞར་རོགས་བྱས་ནས་ཁོ་ཚོས་རྣམ་པ་གསར་པས་ལོ་གསར་བསུ་བར་སྟབས་བདེ་པོ་སྤྲད་ཡོད།

       ཕྱོགས་གཅིག་ནས་སྐྲ་བཞར་ཏེ་ལོ་གསར་བསུ་བ་དང་ཕྱོགས་གཅིག་ནས་ལོ་གསར་གནམ་གང་གི་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད།ཟ་མ་བཟོས་ཚར་རྗེས་རྒན་པ་ཚང་མས་སྒྲོག་ཙེ་སྐོར་ནས་བསྡད་དེ་ཟ་མ་ཞིམ་པོ་ཟ་བ་དང་།སྒྲོག་ཙེའི་ཐོག་བྱ་ཤ་དང་ཉ་བྱ།ཕག་ཤར་བཅས་ཡོད་པ་མ་ཟད།ད་དུང་སྣ་རིགས་མང་པོའི་སྔོ་ཚལ་སོས་པོ་ཡོད་དེ།ཚལ་རིགས་ཁྱོན་བསྡོམས་སྣ་རིགས་10ཡོད་པ་རེད།རྒན་པ་ཚོས་ད་དུང་བཏུང་ཆུ་བླུག་ཡོད་པའི་པེ་ཙི་བསྒྲེངས་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།

      རྒན་གསོ་ཁང་གི་དོ་དམ་བྱེད་མིས་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་སེམས་ཁུར་གནང་བའི་འོགརྒན་གསོ་ཁང་ནང་གི་རྒན་པའི་འཚོ་བ་ལོ་རེ་ནས་ལོ་རེ་བཞིན་ཇེ་ལེགས་སུ་བཏང་ཐུབ་པ་སྟེ།རྒན་པ་ཚང་མས་གོས་ཆས་དྲོད་པོ་གྱོན་ཐུབ་པ་དང་ཟ་མ་ཞིམ་པོ་ཡང་ཟ་ཐུབ་པ་རེད་ཅེས་བཤད་པ་རེད།རྒན་གསོ་ཁང་གི་ཐབ་ཚང་དུ།སྤྱི་ཚོགས་ལས་རིགས་ཁག་གིས་བསྐྱལ་བའི་འབྲས་དང་སྣུམ།མར།ཤ།ཤིང་ཏོག་སོགས་བཟའ་བཅའ་སྣ་མང་སྤུངས་ཡོད།

      རྒན་གསོ་ཁང་དུ་སྡོད་པར་སྟབས་བདེ་པོ་བྱུང་ཡོད་དེ།བཟའ་བཏུང་དང་གྱོན་ཆས་སོགས་ཀྱི་ཐད་བདག་སྐྱོང་བྱེད་མི་ཡོད་པ་དང་།ལོ་རེ་བཞིན་རྒན་པ་ཚོ་དང་མཉམ་དུ་ལོ་གསར་བཏང་ནས་ཤིན་ཏུ་དགའ་པོ་བྱུང་ཡོད་ཅེས་རྒན་པ་དོན་གྲུབ་ཀྱིས་འདི་འདྲ་བཤད་བྱུང་།ཁོ་ཚོས་ཉིན་མོར་རྫོང་མཁར་ནང་གི་སྤྱི་གླིང་ནང་འཆམ་འཆམ་དུ་འགྲོ་བ་དང་ས་སྲིབ་ཏུ་ཟླ་འོད་ཐང་ཆེན་དུ་ཡོང་ནས་ཐང་ཆེན་སྐོར་བྲོ་འཁྲབ་སྟེ།འཚོ་བ་སྐྱིད་པོར་བཏང་ཡོད་པ་རེད།དམིགས་བསལ་དུ་ཉེ་བའི་ལོ་འགའི་རིང་།ཁོ་ཚོ་ལ་སེམས་ཁུར་བྱེད་མི་དེ་བས་མང་ཞིང་།ལོ་ནང་ད་དུང་གོས་ཆས་དང་སྲིང་བལ་ཉལ་ཆས་སོགས་འཚོ་བའི་སྤྱོད་ཆས་བླངས་ཆོག་པ་རེད།

      ཤེས་གསལ་བྱུང་དོན།རྒྱལ་ཐང་གྲོང་རྡལ་རྒན་གསོ་ཁང་ནི་1985ལོར་བཙུགས་པ་དང་།མིག་སྔར་རྒན་པ་6ཡོད་ལ།ཁོ་ཚོའི་ནང་མང་ཆེ་བ་ནི་བོད་ཁུལ་ཞིང་གྲོང་ནས་ཡོང་བའི་གྲོགས་མེད་ཁེར་རྐྱང་དང་དབང་པོ་སྐྱོན་ཅན་གྱི་རྒན་པ་ཡིན།རྒན་གསོ་ཁང་ནང་རྒན་པ་ཚང་མ་ལ་བདག་སྐྱོང་ཡག་པོ་བྱེད་ཡོད་པ་དང་།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།བཅའ་སྡོད་དམག་དཔུང་བཅས་ཀྱིས་དུས་རྒྱུན་དུ་ཁོ་ཚོ་ལ་རོགས་རམ་སྤྲད་ཡོད་པ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)