དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
ཞིང་གྲོང་ཡིད་རྟོན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་རང་ཁུལ་གྱི་རྣམ་པ་གསར་པའི་ཞིང་གྲོང་གི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 81

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།ཁུལ་ཡོངས་རིམ་པ་སོ་སོའི་ཞིང་གྲོང་ཡིད་རྟོན་ཁང་གིས་ཧུར་ཐག་ངང་ཞིང་གྲོང་དངུལ་རྩའི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བྱས་ནས།ཤུགས་ཆེན་གྱིས་རང་ཁུལ་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་ཞིང་གྲོང་འཛུགས་སྐྲུན་ནང་ཞུགས་པ་རེད།ན་ནིང་།ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ལས་ཁུངས་ཀྱིས་སྡེབ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་60བཏང་ཡོད།དེའི་ནང་ཞིང་གྲོང་ཡིད་རྟོན་ཁང་གིས་སྡེབ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་20བཏང་བ་རེད།      ན་ནིང་།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་གྲོང་ཡིད་རྟོན་ཁང་གིས་ཚོང་རའི་གནས་ཐིག་གཏན་འཁེལ་རྒྱུན་འཁྱོངས་བྱས་པ་དང་།“ཞིང་གསུམ”དང་ཁེ་ལས་ཆུང་འབྲིང་གི་ཚོང་ར་བསྒྲུབས་པ་དང་།ཞབས་འདེགས་བྱེད་སྟངས་གསར་གཏོད་བྱས་པ།ཧུར་ཐག་གིས་ཁུལ་ཡོངས་རྣམ་པ་གསར་པའི་ཞིང་གྲོང་གི་འཛུགས་སྐྲུན་ལ་ཞབས་འདེགས་བྱས་པ།ཞིང་པའི་ཡོང་སྤར་དང་ཐོན་སྐྱེད་འཕེལ་རྒྱས་བཏང་བ།དེ་བཞིན་སྐྱེ་ཁམས་ཁྱིམ་གཞིས་འཛུགས་པར་ཡིན་རྟོན་གྱི་དངུལ་བུན་གཏོང་རོགས་བྱས་ནས།ཞིང་པའི་ཡོང་སྤར་དང་ཞིང་ལས་ཀྱི་ཕན་ནུས་འཕར་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་རེད།

       “གཞི་རིམ་ཏང་ཡོན་གྱིས་མང་ཚོགས་ཁྲིད་དེ་ལས་ལམ་གསར་གཏོད་བྱེད་དེ་ཕྱུག་འགྱུར་དངུལ་བུན་གཡར་བ་”ནི་ཞིང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་མཉམ་འབྲེལ་ཧྲིས་མཉམ་དུ་བཏོན་པའི་གསེར་གྱི་བྱང་བུའི་ཡིད་རྟོན་ལས་དོན་རེད།ན་ནིང་།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་གྲོང་ཡིད་རྟོན་ཁང་གིས་ཐོག་མཐའ་བར་གསུམ་དུ་དངུལ་བུན་ལས་དོན་འདིའི་དངུལ་བུན་གཏོང་གྲངས་དང་ཁེབས་ཚད་ཆེ་རུ་བཏང་བ་དང་།གཞི་རིམ་ཏང་ཡོན་གྱིས་འཕེལ་རྒྱས་དང་ཕྱུག་འགྱུར་ལ་རོགས་སྐྱོར་བྱས་པ།ལས་ལམ་གསར་གཏོད་དང་དངོས་སྒྲུབ་རྣམ་པའི་ཞིང་པའི་དབུལ་སྐྱོར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས།ན་ནིང་གི་ཟླ་7པའི་ཟླ་མཇུག་ཏུ།ཕྱོགས་ཡོངས་ནས་ལས་ལམ་གསར་གཏོད་དང་ཕྱུག་འགྱུར་དངུལ་བུན་གྱི་ལོ་འཁོར་རེ་ལ་གཏོང་བའི་ལས་འགན་ལེགས་གྲུབ་བྱུང་བ་དང་སྡེབ་རྩིས་ལྟར་དུད་ཚང་191ལ་དངུལ་བུན་སྒོར་ཁྲི་2000བཏང་བ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)