དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
རང་ཁུལ་གྱི་ལྟ་ཞིབ་ལས་བྱེད་པས་གྲོང་སྡེར་བཅའ་སྡོད་བྱས་ནས་བརྟན་བརླིང་དམ་འཛིན་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལས་ཀའི་སྒྲུབ་ཚུལ་ལ་ལྟ་ཞིབ་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 307

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3པའི་ཚེས་7ཉིན་ནས་ཚེས་14ཉིན་བར།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཁུལ་ཨུའི་རྩ་འཛུགས་པུའུ།ཁུལ་ཨུའི་ལྟ་ཞིབ་ཁང་།ཁུལ་སྲིད་གཞུང་ལྟ་ཞིབ་ཁང་བཅས་ཀྱིས་ལྟ་ཞིབ་ཚོ་ཆུང་ཁག་གསུམ་བཀར་ནས།རྫོང་གྲོང་ཁྱེར་སོ་སོ་དང་གསར་སྤེལ་ཆུས་ཀྱི་ཤང་གྲོང་21གི་གྲོང་སྡེའི་ཨུ་ལྷན53་དུ་ཟབ་ཞུགས་བྱས་ཏེ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཀོད་སྒྲིག་གནང་བའི་བརྟན་བརླིང་དམ་འཛིན་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལས་ཀའི་སྒྲུབ་ཚུལ་ལ་ལྟ་ཞིབ་བྱས་པ་དང་།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་བརྟན་བརླིང་དམ་འཛིན་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ།གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣ་སོ་སོས་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱེད་པར་སྐུལ་འདེད་བཏང་སྟེ།བརྟན་བརླིང་འཛིན་པ་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལས་ཀ་ཁག་གོ་རིམ་དང་ཚད་གཞི་ལྡན་པའི་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

       ལྟ་ཞིབ་བྱས་ནས་ཁུལ་ཡོངས་རིམ་པ་ཁག་གི་སྡེ་ཁག་སོ་སོས་ཆབ་སྲིད་ལ་དོ་སྣང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ནན་ཏན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནང་བའི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་ཐུབ་པ་དང་།ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་གནས་ཚུལ་གསལ་པོ་མཚོན་ཡོད་མོད།འོན་ཀྱང་ཁུལ་དང་རྫོང་འགའ་ཤས་ཀྱི་འོག་རིམ་དུ་མངགས་པའི་ལས་བྱེད་མི་སྣས་སྔོན་མའི་ལས་ཁུངས་དང་གྲོང་སྡེར་སྡོད་པའི་ལས་ཀའི་བར་གྱི་འབྲེལ་བ་འོས་འཚམ་ངང་ཐག་གཅོད་བྱེད་མི་ཐུབ་པ་དང་།ལས་བྱེད་མི་སྣ་འགའ་ཤས་ཀྱིས་བརྟན་བརླིང་དམ་འཛིན་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཐོག་གི་ངོས་འཛིན་མི་འདང་བ།ལས་བྱེད་མི་སྣ་འགའ་ཤས་ཀྱི་གཞི་རིམ་དུ་ལས་ཀ་སྒྲུབ་པའི་མྱོང་ཚུར་མི་འདང་བ།ཤང་གྲོང་འགའ་ཤས་ཀྱིས་གྲོང་སྡེ་ལ་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣ་ལ་གཅིག་གྱུར་དོ་དམ་བྱེད་པའི་ལམ་ལུགས་འཛུགས་མེད་པ།ཤང་གྲོང་དང་གྲོང་སྡེ་འགའ་ཤས་སུ་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣའི་དྲིལ་བསྒྲགས་བྱེད་པའི་འདུ་ཤེས་མི་མཐོ་བ།གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣས་ལས་གནས་བརྟན་སྲུང་བྱེད་མེད་པ་སོགས་ཀྱི་གནད་དོན་ཡོད་ལ།གནད་དོན་དེ་དག་ནི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་མིང་བཏོན་བརྡ་ཁྱབ་བཏང་བ་རེད།

       བརྡ་ཁྱབ་ཀྱིས་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ནན་ཏན་གྱིས་ཁུལ་ཨུའི་བླང་བྱ་ལྟར་ནས།བརྟན་བརླིང་དམ་འཛིན་དང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལས་ཀ་གཉིས་ཟུང་འབྲེལ་བྱེད་པ་དང་།གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣའི་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་ལས་གནས་བརྟན་སྲུང་བྱེད་དགོས།སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣས་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས།སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)