དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 262

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོའི་ཚུན་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་སྐུལ་འདེབས་ལ་རྒྱུན་འཁྱོངས་བྱས་པ་དང་།གང་ལེགས་ཀྱིས་ཞིང་པའི་གཙོ་སྒྲུབ་ལས་གནས་ལ་བརྩི་འཇོག་བྱས་པ།ཞིང་པས་འཚོལ་ཞིབ་བྱེས་པ་བཅས་ལ་སྐུལ་འདེབས་བྱས་ནས།འབད་བརྩོན་གྱིས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་རེད།

       གྲོང་ཁྱེར་འདིས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་ཀའི་ཇུས་གཞི་དང་བྱེད་ཐབས་གཏན་འབེབས་བྱས་པ་དང་།གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་བཙུགས་ཤིང་།ཤང་དང་གྲོང་རྡལ་སོ་སོས་དེ་དག་དང་མཐུན་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་བཙུགས་ནས།ལས་ཀ་དང་གོ་རིམ་ལྡན་པའི་ངང་མཐུད་པར་ཁག་ཐེག་བྱས།ལས་བགོས་འགོ་ཁྲིད་དང་ལས་བྱེད་མི་སྣ་གསལ་འབེབས་བྱས་ནས།གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་ནུས་ཡོད་ངང་འཕེལ་རྒྱས་གཏོང་བར་ཁག་ཐེག་བྱས་ཡོད།

       གྲོང་ཁྱེར་འདིས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་དང་ཐོན་ཁུངས།མ་དངུལ་བཅས་ཀྱི་ད་ཚུལ་ལེབ་བཤེར་བྱས་པ་དང་ཤང་(གྲོང་སྡེ)རེ་རེས་སྡེ་ཚན་དུ་འཛིན་པའི་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལས་ཀའི་ཟུར་བཙུགས་རྩིས་ཁྲ་བཙུགས་པ་དང་།2016ལོའི་དབུལ་འབོར་གྲོང་སྡེ་38ཀྱི་ མ་རྐང་མཉམ་ལས་དཔལ་འབྱོར་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་ཁེབས་པའི་རྨང་གཞིའི་ཐོག     གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་མེད་པའི་གྲོང་སྡེ་ལ་དབུལ་ཐར་མཁྲིགས་གཏོར་གྱི་ཐོན་ལས་འཕེལ་རྒྱས་གྱི་རྣམ་གྲངས་བེད་སྤྱོད་བྱས་ནས།གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་འབྲེལ་གཏུག་ལས་ཁུངས་ཀྱིས་ཧུར་ཐག་ངང་འབྲེལ་གཏུག་བྱེད་ས་ལ་ཐབས་འདོན་ཇུས་འགོད་བྱས་པ་དང་མ་དངུལ་རོགས་རམ་སྤྲད་དེ།འབྲེལ་གཏུག་བྱེད་ཡུལ་གྱིས་ཐོན་ལས་ཡག་པོ་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ནས།ལོ་3ནང་གྲོང་སྡེ་(སྡེ་ཁུལ)62ལ་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་གཏན་འཇགས་ཡོང་རྒྱུ་མངོན་འགྱུར་བྱུང་བར་འབད་བརྩོན་བྱེད་རྒྱུ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)