དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
གསར་སྤེལ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁེ་ལས་ཀྱི་གླ་ཕོགས་གཅིག་བསྡུས་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 213

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོར།གསར་སྤེལ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་མི་སྣ་མང་བ་དང་དཔལ་འབྱོལ་གྱི་ཕན་ནུས་ལེགས་པའི་སྤྱི་མིན་ཁེ་ལས་ནང་གླ་ཕོགས་གཅིག་བསྡུས་གྲོས་མོལ་གྱི་དཔེ་སྟོན་ཁེ་ལས་འགའ་གསོ་སྐྱོང་བྱེད་པ་དང་།གླ་ཕོགས་གཅིག་བསྡུས་གྲོས་མོལ་ལས་ཀ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་པ།གླ་ཕོགས་གཅིག་བསྡུས་གྲོས་མོལ་གྱི་གོ་རིམ་དང་ནང་དོན་ཚད་ལྡན་ཅན་དུ་གྱུར་ཞིང་།ལས་བྱེད་པའི་ཡིད་ཚིམ་བྱུང་ཚད་མཐོ་རུ་གཏོང་བ་དང་།ཁེ་ལས་ཀྱི་གླ་ཕོགས་གཅིག་བསྡུས་གྲོས་མོལ་ལ་ཕན་འབྲས་བྱུང་བ་རེད།

      ད་ལོར།གསར་སྤེལ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ནས་རིགས་ཐོན་ཁུངས་གསར་གཏོད་ཀུང་སི་ནི་གསར་སྤེལ་ཆུས་ཀྱི་གླ་ཕོགས་གཅིག་བསྡུས་གྲོས་མོལ་གྱི་དཔེ་སྟོན་ཁེ་ལས་སུ་གྱུར་བ་དང་།གླ་ཕོགས་གཅིག་བསྡུས་གྲོས་མོལ་སྣེ་ཁྲིད་བྱེད་མིས་ཁེ་ལས་ཀྱི་གླ་ཕོགས་གཅིག་བསྡུས་གྲོས་མོལ་ལས་ཀར་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཉམ་དུ་ཁེ་ལས་ཁག་གི་བཟོ་ཚོགས་ནང་ཐེངས་མང་ཞུགས་པ་དང་གཞི་རིམ་བཟོ་ཚོགས་ཀྱིས་གླ་ཕོགས་གཅིག་བསྡུས་གྲོས་མོལ་ལས་ཀ་སྒྲུབ་པར་སློབ་ཁྲིད་བྱེད་པ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)