དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
རྣམ་རྒྱལ་གྱི་ཁྲུང་ལོའུ་འདེབས་འཛུགས་ལམ་བུ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 219

    2016ལོའི་ཟླ་9པའི་ཚེས་འགོར།འཇོལ་རྫོང་ཐང་སྟེང་ཤང་གིས་ཉན་ས་གྲོང་སྡེའི་ལ་ལུང་གོང་མི་རིགས་ཁྱད་ལྡན་གྲོང་སྡེའི་རྣམ་གྲངས་ལག་ལེན་བྱས་པ་དང་ཁྲུང་ལོའུ་འདེབས་འཛུགས་གནས་གཞི་གསར་འཛུགས་བྱས་ནས།ལ་ལུང་གོང་ཡུལ་མི་ཚོ་ཆུང་གི་ཁྱིམ་དུད་26གིས་ཁྲུང་ལོའུ་མུའུ་13.13བཙུགས་པར་སྣེ་ཁྲིད་བྱས་ཏེ།སྔར་ལས་ལྷག་པར་མང་ཚོགས་ཀྱི་ཡོང་སྤར་ཐབས་ལམ་རྒྱ་ཆེར་སྐྱེད་པ་རེད།

     ལོ་13ནས་ཡུལ་མི་རྣམ་རྒྱལ་ཁྱིམ་གང་གིས་ཁྲུང་ལོའུ་མུའུ་13འདེབས་འཛུགས་བྱས་ཡོད།ཟླ་11པའི་ཚེས་འགོར།རྣམ་རྒྱལ་གྱིས་ཁྲུང་ལོའུ་བརྐོས་ཚར་བ་དང་ཁང་སྟེང་ཐོག་སྐམ་ཡོད།ཁོང་གིས་འཚོང་རྒྱུར་གྲ་སྒྲིག་བྱེད་པའི་སྤྱི་རྒྱ་བརྒྱ་ལྷག་གི་ཁྲུང་ལོའུ་ལས་གཞན།སྤྱི་རྒྱ་600ལྷག་གི་སོན་མྱུག་རང་བཞག་བྱས་ཡོད་པ་དང་།སོན་མྱུག་དེ་དག་ལོ་ཚད་ངེས་ཅན་གསོ་ཡོད་པས།ལོ་4དང་5འདེབས་གསོ་བྱས་ནས་རྐོ་བ་དང་འཚོང་ཐུབ་པ་དང་ཡོང་འབབ་སྒོ་ཡང་མཐོ་རུ་འཕར་བའི་རེ་བ་ཡོད་ཅེས་བཤད།ད་ལོའི་ཁྲུང་ལུའོ་ཡི་ཁྲོམ་ཐང་སྤྱི་རྒྱ་གང་ནི་སྒོར་750ནས་800བར་ཡིན་ཚུལ་ལ་གཞིགས་ན།ཡོང་འབབ་སྒོ་ཁྲི་35ཡོང་ཐུབ་རྒྱུ་རེད།རྣམ་རྒྱལ་གྱིས་ཁྲུང་ལུའོ་འདེབས་གསོ་བྱེད་པའི་དུས་ཡོན་རིང་པོ་ཡོད་མོད།འོན་ཀྱང་བཅོལ་དངུལ་དང་འདྲ་ཞིང་།ལོ་འགའ་ཤས་སྒུག་སྟེ་ཡོང་སྒོར་ལེགས་པོ་ཡོང་རྒྱུ་རེད་ཅེས་བཤད་པ་རེད།

     རྣམ་རྒྱལ་ལ་ཁྲུང་ལུའོ་འདེབས་གསོ་བྱེད་པའི་ཉམས་མྱོང་ཡག་པོ་ཡོད་པའི་རྐྱེན་གྱིས།དཔེ་སྟོན་གནས་གཞིའི་ཆེད་ལས་ལག་རྩལ་མི་སྣར་བྱས་པ་དང་།འདེབས་གསོའི་ཁྱིམ་དུད་ལ་གནོད་འབུའི་སྔོན་འགོག་སོགས་ཞིང་ཁའི་དོ་དམ་གསོ་སྦྱོང་བྱས།མིག་སྔར་རྣམ་རྒྱལ་གྱིས་ཁྲུང་ལུའོ་འགའ་ཤས་ཕྱིར་འཚོང་ཡོད།རྣམ་རྒྱལ་གྱིས་དཔེ་སྟོན་གནས་གཞིར་འདེབས་གསོ་བྱེད་པའི་སོན་མྱུག་ནི་སྔོན་རྩིས་ལྟར་ན་ལོ་7སྒུག་ནས་འཚོང་བ་དང་་ཡོང་འབབ་སྒོ་ཁྲི་20ཟིན་ཐུབ་ཅེས་ངོ་སྤྲོད་བྱས།

     ལོ་7སྒུག་ནས་བཟོས་གྲུབ་ཁྲུང་ལུའོ་སྤྱི་རྒྱ་ཁྲི་2ཐོན་ཐུབ་པ་དང་ཆེས་དམའི་ཁྲོམ་ཐང་ལ་ལྟར་ན་ཡོང་འབབ་སྒོ་ཁྲི་100ལྷག་ཟིན་ཐུབ་པ་རེད།

     ཤེས་གསལ་བྱུང་དོན།ཁྲུང་ལུའོ་ནི་ཡུན་ནན་སྨན་དཀར་གྱི་ངེས་མཁོའི་རྒྱུ་ཆ་ཞིག་ཡིན་པ་དང་།རང་ཞིང་ཆེན་གྱིས་ཁྲུང་ལུའོ་འདེབས་གསོ་ནི་ནགས་ལས་ཐོན་ལས་ཆེན་མོ་དགུའི་ནང་གི་ཐོན་ལས་ཞིག་ཏུ་འཛིན་ནས་འཕེལ་རྒྱས་གཏོང་ཡོད་པ་དང་།མིག་སྔར་ཁྲོམ་རའི་དགོས་མཁོ་ཆེ་ཞིང་འབྱུང་འགྱུར་གནས་ཚུལ་ལེགས་པོ་ཡོད་པ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)