དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
བདེ་ཆེན་ཁུལ་གྱིས་བྱ་ཐབས་བདུན་སྤྱད་དེ་རྡོ་ཐའི་ཐོན་ལས་འཕེལ་རྒྱས་གཏོང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 118

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།རང་ཁུལ་རྡོ་ཐ་ཐོན་ལས་ཀྱིས་“ཐོན་ལས་འཕེལ་རྒྱས་ཡོང་བ་དང་ནོར་སྲིད་ཡོང་སྤར་བྱུང་བ།རྡོ་ཐ་འདེབས་མཁན་ཞིང་པའི་ཕན་ནུས་མཐོ་རུ་གཏོང་བའི་”གཞི་རྩའི་དམིགས་འབེན་དམ་འཛིན་བྱས་པ་དང་།རྡོ་ཐ་ཐོན་སྐྱེད་ཀྱི་སྤྱི་ཁོག་ཆུ་ཚད་དང་རྡོ་ཐ་འདེབས་མཁན་ཞིང་པའི་དཔལ་འབྱོར་གྱི་ཕན་ནུས་མཐོ་རུ་གཏོང་བ་རྒྱུན་འཁྱོངས་བྱས་པ།གནད་ཆེ་བ་འབུར་དུ་ཐོན་པ་དང་དོན་འཁྱོལ་དམ་འཛིན་བྱས་ནས།ཁུལ་ཡོངས་ཀྱི་རྡོ་ཐ་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་ཚད་མགྱོགས་སུ་བཏང་བ་རེད།

       རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་དམིགས་འབེན་ལས་འགན་གསལ་འབེབས་བྱས།ཁུལ་དང་རྫོང་གྲོང་ཁྱེར་གྱིས་ལོ་རེ་བཞིན་རྡོ་ཐ་ཐོན་སྐྱེད་ལས་ཀའི་གྲོས་ཚོགས་འཚོགས་པ་དང་ཕྱོགས་ཡོངས་ནས་རྡོ་ཐ་ཐོན་སྐྱེད་དམ་འཛིན་བྱས་ནས་རྡོ་ཐ་འདེབས་མཁན་ཞིང་པའི་ཡོང་སྤར་དང་ཞིང་གྲོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་གནས་པའི་གནད་ཆེའི་ནུས་པ་དབྱེ་ཞིབ་བྱས་པ་དང་།རྡོ་ཐ་ཐོན་སྐྱེད་ལས་ཀར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ།

      “གཉིས་འཛིན་རྒྱུན་འཁྱོངས་བྱས་པ་དང་ནན་ཏན་གྱིས་གན་རྒྱའི་འདེབས་འཛུགས་ལག་ལེན་བྱས་པ།རང་ཁུལ་རྡོ་ཐ་ཐོན་སྐྱེད་ཀྱིས་ནན་པོའི་ངང་གན་རྒྱའི་དོ་དམ་ལག་ལེན་བྱས་པ་དང་གཉིས་འཛིན་དམིགས་འབེན་དོན་འཁྱོལ་བྱས་པ།ཞིང་ལུད་དང་ཞིང་སྨན་སོགས་ཞིང་སྤྱོད་དངོས་རྫས་ནི་ལག་རྩལ་མི་སྣས་གན་རྒྱའི་རྒྱ་ཁྱོན་ལ་གཞིགས་ནས་ཞིང་དུད་རེ་ལ་བགོས་ཡོད།

       དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་འཛུགས་པ།གྲོས་ཚོགས་འཚོགས་པ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ།དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་སོགས་ཀྱི་བྱ་ཐབས་སྒོ་ནས།ནན་ཏན་གྱིས་རྡོ་ཐ་ཐོན་སྐྱེད་ཀྱི་རོགས་སྐྱོར་དང་།རྡོ་ཐའི་སྒྲིག་གཞི།ཉོ་སྒྲུབ།རིན་ཐང་སྲིད་ཇུས་བཅས་ཀྱི་དྲིལ་བསྒྲགས་ལས་ཀ་ལེགས་སུ་བཏང་བ།

       ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཚན་རྩལ་དང་མཐུན་པའི་ངང་རྡོ་ཐའི་ལས་རིགས་དར་སྤེལ་བཏང་བ།ནན་ཏན་གྱིས་རུ་ཁག་གི་གསོ་སྦྱོང་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་བ་དང་སྣ་རིགས་སོ་སོའི་དངོས་སྤྱོད་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་གཉེར་བྱས།

       ཐོན་སྐྱེད་དུས་ཚིགས་འཛིན་པ་དང་ཞིང་རྨོའི་དོ་དམ་བྱེད་ཤུགས་ཆེ་བཏང་བ།སྤོས་འཛུགས་དུས་ཚིགས་ཀྱི་བླང་བྱར་གཞིགས་ནས།ས་ཞིང་ལེགས་སྒྲིག་དང་དངོས་ཟོག་འབྱོར་བའི་ལས་ཀ་སྔར་ནས་བསྒྲུབས་ཏེ།དུས་ལྟར་སྤོས་འཛུགས་བྱས་པར་ཁག་ཐེག་བྱས་པ་དང་།ནན་ཏན་གྱིས་རྡོ་ཐའི་ཐོན་སྐྱེད་ཆུ་ཚད་དང་རྡོ་ཐའི་སྤུས་ཚད།ཕན་ནུས་མཐོ་རུ་བཏང་བ།

       བྱ་ཐབས་བྱེད་ཤུགས་ཆེ་རུ་བཏང་ནས།རྡོ་ཐ་ཐོན་སྐྱེད་ནང་ཁུལ་གྱི་ཆེད་འཚོང་གི་དོ་དམ་ལྟ་སྐུལ་ལ་དམ་འཛིན་བྱས་པ།ནང་ཁུལ་གྱི་ཆེད་འཚོང་གི་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་རྡོ་ཐ་ཐོན་སྐྱེད་ཀྱི་རྩ་འཛུགས་དོ་དམ་ཚད་ལྡན་ཅན་དུ་གྱུར་བ།རྡོ་ཐ་ལས་ཡུལ་ཁག་གིས་རྡོ་ཐའི་སོན་མྱུག་བཀྲམ་པའི་ཟུར་བཙུགས་རྩིས་ཁྲ་ཆ་ཚང་བ་དང་ནང་དོན་ཆ་ཚང་ཞིང་ཚད་གཞི་ལྡན་པ།

       རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།རྡོ་ཐ་ལས་ཡུལ་གྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོ་རུ་བཏང་བ།རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྡོ་ཐའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཡིན་ན།དུས་ཚོད་ཀྱི་སྔོན་དུ་རྨང་གཞི་འདིང་དགོས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་།རྡོ་ཐ་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནི་རྡོ་ཐ་ལས་ཡུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་རྡོ་ཐ་ཐོན་སྐྱེད་ཀྱི་སྤྱི་ཁོག་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཏུ་རྩིས་ནས་དམ་འཛིན་བྱས་ཡོད་དེ།ནན་ཏན་གྱིས་རྡོ་ཐ་ལས་ཡུལ་གྱི་ཕྱོགས་བསྡོམས་ཐོན་སྐྱེད་ནུས་ཤུགས་མཐོ་རུ་བཏང་བ།

       ཉེ་བའི་ལོ་འགའི་རིང་།བསྡོམས་རྩིས་ལྟར་རང་ཁུལ་གྱིས་རྡོ་ཐ་མུའུ་66504འདེབས་འཛུགས་བྱས་པ་དང་རྡོ་ཐ་འདེབས་མཁན་ཞིང་པའི་ཡོང་འབབ་སྒོར་ཁྲི་22258ཟིན་ཏེ།ཁྲལ་འབབ་སྒོར་ཁྲི་4096མངོན་གྱུར་བྱུང་བ་རེད།


རྩོམ་སྒྲིག་པ། (གཡང་མཚོ།)