དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཆབ་མདོ་ནས་སེམས་ཀྱི་ཉི་ཟླའི་བར་མྱུར་བསྐྱོད་གཞུང་ལམ་བཟོ་རྒྱུ་ཡིན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-04-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 349

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཇུས་འགོད་ཁང་གིས་མངོན་གསལ་འོས་འགུག་བྱས་ནས།ཆབ་མདོ་ནས་སེམས་ཀྱི་ཉི་ཟླའི་མྱུར་བསྐྱོད་གཞུང་ལམ་ལ་གྲྭའི་(ཡུན་ནན་ལམ་མཚམས)ཞིབ་འཇུག་བྱེད་རིང་ཡོད་པའི་སྙན་ཞུའི་སྒྲིག་བཟོ་ལས་ཀ་བྱེད་འགོ་ཚུགས་རྒྱུ་ཡིན་པ་རེད།

       མྱུར་བསྐྱོད་གཞུང་ལམ་བཟོས་ཚར་ནས།ཆབ་མདོ་ནས་སེམས་ཀྱི་ཉི་ཟླའི་འགྲོ་ལམ་ཧྲིལ་པོ་ལ་མྱུར་བསྐྱོད་གཞུང་ལམ་མངོན་དུ་བྱུང་སྟེ།སྟབས་བདེའི་ཡུལ་སྐོར་འགྲོ་ལམ་ཞིག་ཏུ་གྱུར་རྒྱུ་ཡིན།

       རླངས་འཁོར་ཤར་གཏོང་ཐུབ་རྗེས།ནུབ་ཕྱོགས་ཆབ་མདོ་ཀྱིས་ཤར་ཕྱོགས་སེམས་ཀྱི་ཉི་ཟླར་མཐུད་པའི་ཏན་བོད་འགྲོ་ལམ་ཆེན་པོ་ཞིག་ཏུ་གྱུར་རྒྱུ་ཡིན་པ་རེད།