དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
དུས་ཚིགས་དང་པོའི་ནང་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-04 རྩོམ་ཁུངས། དུས་ཚིགས་དང་པོའི་ནང་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ཀློག་གྲངས། 288

གསར་འགོད་པས་2017ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་འདི་ལོའི་དུས་ཚིགས་དང་པོའི་རང་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་ཁག་བདུན་གྱི་འཕར་ཚད་ཁྲོད་དམིགས་ཚད་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་འགོ་ཡག་པོ་ཚུགས་ཡོད་པ་རེད།དེ་དང་ཆབས་ཅིག་དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་།ནོར་སྲིད་ཡོང་འབབ་དང་འཛད་སྤྱོད་འཕར་མགྱོགས་པ།གྲོང་མིའི་ཡོང་འབབ་དང་། དམངས་འཚོ་འགན་ལེན།ཐོན་ལས་འཕེལ་རྒྱས་བཅས་ཚང་མ་འཕེལ་ཚུལ་ཡག་པོ་ཡོད་པའི་ཁྱད་ཆོས་མངོན་ཡོད་པ་རེད།

འདི་ལོའི་དུས་ཚིགས་དང་པོའི་ནང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་11%འཕར་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་4.1ལས་མཐོ་བ་ཡོད་པ་དང་།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་གྲངས་བསྡོམས་འབོར་འཕར་ཚད་14.6%ཟིན་པ།གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་14.3%འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%འཕར་བ།གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་14.2%ཟིན་པ་བཅས་གོང་གསལ་གྱི་དཔལ་འབྱོར་དམིགས་ཚད་ཁག་ལྔ་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།