དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
བོད་ཀྱི་ཁེ་ལས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར་8ཙམ་གཙང་ཆག་བྱུང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-10 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 435

            2016ལོའི་ཟླ་5ཚེས་1ཉིན་ནས་བཟུང་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་།ལོ་གཅིག་རིང་རང་ལྗོངས་ཀྱི་དཔྱ་ཁྲལ་ལམ་ལུགས་དུས་བཀག་བཞིན་བརྗེ་སྒྱུར་བྱས་པ་དང་།ལས་རིགས་ཆེན་པོ་བཞིས་བདེ་བླག་ངང་འཛིན་ཤོག་སྤྲད་པ།ཁྲལ་འཇལ་རེ་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།དཔྱ་ཁྲལ་གྱི་ཁུར་པོ་ཆེ་ཆུང་དབྱེ་ཞིབ་ལས་དོན་རིམ་བཞིན་སྤེལ་བ་བཅས་ཀྱི་ཐོག་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟའི་ལས་དོན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བདེ་བླག་བཏང་ཡོད།

            བོད་ཀྱི་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་མཁན་ཡོངས་ཀྱི་དཔྱ་ཁྲལ་སྒོར་ཁྲི་78528.84གཙང་ཆག་བྱུང་བའི་ནང་། “3+7”ལས་རིགས་ཀྱི་དཔྱ་ཁྲལ་སྒོར་ཁྲི་47027.52གཙང་ཆག་བྱུང་བ་དང་།ལས་རིགས་ཆེན་པོ་བཞིའི་དཔྱ་ཁྲལ་སྒོར་ཁྲི་8043.77གཙང་ཆག་བྱུང་བ།དེ་སྔའི་གནས་ཐང་འཕར་ཁྲལ་ལས་རིགས་སུ་སྣོན་འཕྲི་བྱས་པའི་དབང་གིས་དཔྱ་ཁྲལ་སྒོར་ཁྲི་23457.55གཙང་ཆག་བྱུང་བ་རེད།

མིག་སྔ་བར་བོད་དུ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟའི་ཁྲལ་འཇལ་དུད་ཚང་ཁྱོན་62965ཡོད་པའི་ནང་སྤྱིར་བཏང་གི་ཁྲལ་འཇལ་དུད་ཚང་1724དང་།གཞི་རྒྱ་ཆུང་བའི་ཁྲལ་འཇལ་དུད་ཚང་61241ཡོད།

 

 

རྩོམ་སྒྲིག་པ། (པདྨ།)