དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
འཚོ་རྒྱུ་Dམ་འདང་བའི་ད་རྒན་ནད།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-10 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 1092

            ཕྲུ་གུ་དམར་འབྱར་འཚར་ལོངས་བྱེད་མགྱོགས་པས་རུས་གཟུགས་འཚར་བར་རུས་པར་ཀལ་མང་པོ་དགོས།བརྒྱུད་རིམ་དེ་ནི་རྙོག་འཛིང་ཆེ་བ་ཞིག་ཡིན་མོད།སྤྱིར་ན་ཀལ་ལིན་རྙིང་འདོར་གསར་ལེན་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད།འཚོ་རྒྱུ་Dདེས་ཀལ་ལིན་རྙིང་འདོར་གསར་ལེན་བྱེད་སྐབས་ནུས་པ་གལ་ཆེན་ཐོན་གྱི་ཡོད།

            འཚོ་རྒྱུ་Dམ་འདང་ཚེ།གཟུགས་པོའི་ནང་གི་ཀལ་ལིན་རྙིང་འདོར་གསར་ལེན་གྱི་གོ་རིམ་འཁྲུག་ནས་ཀེང་རུས་ལ་ཀལ་མི་འདང་བར་ཀེང་རུས་ནད་ལ་འགྱུར་བ་མ་ཟད།ད་དུང་ཕྲུ་གུ་དམར་འབྱར་གྱི་རུས་གཟུགས་འཚར་རྒྱུར་འགོག་རྐྱེན་བཟོ་བ་དང་ནད་འགོག་ནུས་པ་ཆུང་དུ་སོང་ནས་གློ་བ་དང་རྒྱུ་མའི་གཉན་ཚད་ཐོན་སྲིད།

            ད་རྒན་ནད་ཀྱི་རྟགས་མཚན་གང་ཡོད་དམ།ཟླ་བ་གཉིས་ནས་གསུམ་བར་གྱི་ཕྲུ་གུ་དམར་འབྱར་སུན་འཚབ་ཆེ་ལ་ངུ་ཐེངས་མང་བ་དང་།མཚན་མོར་གཉིད་འདྲོག་སླ་ལ་ལུས་ནས་རྔུལ་ཆུ་ཐོན་མང་བ།སྐྲ་མང་པོ་འབུད་པ་བཅས་ཀྱི་རྟགས་མཚན་ཡོད། ནད་དེ་ཇེ་སྡུག་ཏུ་སོང་ཚེ།ཐོད་རུས་མཉེན་པོར་གྱུར་ནས་མཛུབ་མོས་མནན་ན་ཕིང་ཕང་སྤོ་ལོར་མནན་པའི་ཚོར་སྣང་ཡོད།དེས་མ་ཚད་ཀླད་རུས་གྲུ་བཞིར་གྱུར་ནས་མཚོག་གུང་ཟུམ་འགོར་པོ་ཡོད(ནད་མེད་ཕྲུ་གུ་དམར་འབྱར་ལོ་གཅིག་ཙམ་དུ་མཚོག་གུང་ཟུམ་གྱི་ཡོད)ནད་དེ་མུ་མཐུད་ཇེ་སྡུག་ཏུ་སོང་ཚེ།ཀེང་རུས་ཡ་མ་གཟུགས་སུ་གྱུར་པ་དང་བྲང་ཁོག་བྱའི་བྲང་དབྱིབས་སུ་གྱུར་ནས་རྩིབ་མའི་མཐའ་ཟུར་ཕྱིར་ལོག་པ་དང་།རྐང་པ་ཡ་མ་གཟུགས་སུ་འགྱུར་གྱི་ཡོད།ནད་དེའི་རྟགས་མཚན་ནི་པུས་མོའི་ཚིགས་རུས་འཁྱོག་ནས་རྐང་པ་Sདབྱིབས་སམ་ཡང་ན་Oདབྱིབས་སུ་གྱུར་པ་དང་།ཐ་ན་སྒལ་རུས་འཁྱོག་པའམ་ཡང་ན་འབུར་ཐོན་བྱེད་སྲིད།

            འཚོ་རྒྱུ་Dཡི་ཡོང་ཁུངས་གཉིས་ཡོད་པ་སྟེ།གཅིག་ནི་ཨ་མའི་འོ་མ་དང་བ་ཕྱུགས་འོ་མའི་ནང་གི་འཚོ་རྒྱུ་Dཡིན།ཨ་མའི་འོ་མའི་ནང་ཀལ་ལིན་འདུས་ཚད་སྙོམས་པོ་ཡོད་པས་ཀལ་ལིན་ལེན་རྒྱུར་ཕན་པ་ཡོད།བ་ཕྱུགས་འོ་མའི་ནང་གི་ཀལ་ལིན་འདུས་ཚད་སྙོམས་པོ་མེད་པས་ཀལ་ལིན་ལེན་རྒྱུར་ཕན་པ་མེད།དེར་བརྟེན་ཕྲུ་གུ་དམར་འབྱར་ལ་བ་ཕྱུགས་ཀྱི་འོ་མ་སྟེར་ན་ད་རྒན་ནད་ཕོག་སླ་བ་ཡོད།སྐྱེ་ཟླ་ཚང་བའི་ཕྲུ་གུ་སྐྱེས་ནས་ཟླ་བ་གཅིག་སོང་བ་དང་སྐྱེ་ཟླ་མ་ཤར་གོང་སྐྱེས་ནས་གཟའ་འཁོར་གཉིས་སོང་རྗེས་འཚོ་རྒྱུ་Dཁ་གསབ་བྱེད་དགོས།

 

རྩོམ་སྒྲིག་པ། (པདྨ།)