དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
མདོ་ལ་རིང་མོའི་འདབས་ཀྱི་བོད་རིགས་འབྲོག་པ་ཚོས"དུས་ཚོད་དམ་འཛིན་གྱིས"
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-12 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 18770

 

                    མི་རབས་ནས་མི་རབས་བར་ཕྱུགས་རིགས་སྤོ་འཚོ་གཙོ་བོར་བྱས་ཏེ་མདོ་ལ་རིང་་མོའི་བྱང་རྒྱུད་ཀྱི་སུའུ་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཁོངས་སུ་འཚོ་གནས་བྱེད་པའི་ཡུས་ཀུའུ་རིགས་དང་། བོད་རིགས། སོག་རིགས་བཅས་ཀྱི་འབྲོག་པ་ཚོས་མདོ་ལ་རིང་མོར་ཕྱུགས་འདོར་རྩྭ་གསོ་བྱས་རྗེས་རྩྭ་ཐང་དུ་འཚོ་བའི་ནོར་ལུག་རྣམས་ཚང་གསོས་བྱེད་པར་བསྒྱུར་པ་དང་དུས་མཚུངས་སུ་སྔོན་མ་ཕྱུགས་རིགས་འཚོ་འབོར་ཆེ་དྲགས་པའི་རྐྱེན་གྱིས་རྩྭ་ཐང་ས་རྒོད་དུ་གྱུར་པར་ཕྱུགས་རྩྭ་བཏབ་ནས་ཚང་གསོས་ཕྱུགས་ཟོག་ལ་གཟན་རྩྭ་མཁོ་འདོན་དང་རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་བསྐྱར་གསོ་བྱས་པ་རེད། འདི་ནི་ཀན་སུའུ་ཞིང་ཆེན་སུའུ་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྗོང་རྟ་རྨིག་བོད་རིགས་ཤང་གི་བོད་རིགས་འབྲོག་པ་ཚོས་མདོ་ལ་རིང་མོའི་རི་འདབས་ཀྱི་ས་རྒོད་དུ་ཡུག་པོ་འདེབས་བཞིན་ཡོད་པ།

 

རྩོམ་སྒྲིག་པ། (པདྨ།)