མཐོ་རྒྱུགས་སླར་གསོ་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་ཆེད"
དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
མཐོ་རྒྱུགས་སླར་གསོ་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་ཆེད"
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-22 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 26463

       ཁྱོན་བསྡོམས་དཔེ་དེབ་22དང་། ཡིག་འབྲུ་ཁྲི་768ཡོད་པའི"མཐོ་རྒྱུགས་བསྒྱུར་བཅོས་ཞིབ་འཇུག་དཔེ་ཚོགས"ཧྭ་ཀྲུང་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་བྱས་ཤིང་། མཐོ་རྒྱུགས་སླར་གསོ་བྱས་ནས་ལོ་ངོ་40འཁོར་བར་འབུལ་སྐྱེས་གྱ་ནོམ་པ་ཞིག་ཕུལ་བ་རེད། 
       ཚེས་16ཉིན་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱིས"མཐོ་རྒྱུགས་བསྒྱུར་བཅོས་ཞིབ་འཇུག་དཔེ་ཚོགས"དཔེ་སྐྲུན་དང་མཐོ་རྒྱུགས་སླར་གསོ་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རིག་གཅིག་མཁས་པ་དང་མཁས་དབང་ཚོས་ཡོངས་ཁྱབ་ཏུ་མཐོ་རྒྱུགས་ནི་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་ཤིག་ཡིན་ཞིང་། དེས་ཤེས་ལྡན་མི་སྣ་འདེམས་གསེས་དང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་དགེ་མཚན་ཧ་ཅང་ཆེན་པོ་ལྡན་པ་དང་། ཀྲུང་ཧྭ་དར་རྒྱས་སུ་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཕམ་ལ་ཐུག་པའི་ནུས་པ་ལྡན་པ་དང་། དཔེ་ཚོགས་འདི་དཔེ་སྐྲུན་བྱས་པར་དོན་སྙིང་གལ་ཆེན་ལྡན་ཞིང་། ངེས་པར་དུ་མཐོ་རྒྱུགས་སླར་གསོ་བྱས་པར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་ཁས་ལེན་བྱ་དགོས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་མཐོ་རྒྱུགས་ལམ་ལུགས་ལ་གནས་པའི་གནད་དོན་ལ་མཐོང་ཆེན་བྱེད་རིན་ལྡན་པ་དང་། མཐོ་རྒྱུགས་བསྒྱུར་བཅོས་ཞིབ་འཇུག་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
       རང་རྒྱལ་གྱི་མཐོ་རྒྱུགས་ལམ་ལུགས་དང་དེའི་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་པོ་བྱེད་པའི་ཆེད་ལས་དཔེ་དེབ་རབ་དང་རིམ་པ་ཆ་ཚང་བ་ཡིན་པའི"མཐོ་རྒྱུགས་བསྒྱུར་བཅོས་ཞིབ་འཇུག་དཔེ་ཚོགས"ཀྱིས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་རྒྱུགས་ལེན་ལམ་ལུགས་ལ་ཞིབ་འཇུག་བྱས་འབྲས་གསར་ཤོས་རྒྱུད་རིམ་ལྡན་པའི་ངང་གསལ་པོར་བསྟན་ཞིང་། དེའི་ནང་དུ་མཐོ་རྒྱུགས་ལམ་ལུགས་ལ་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཁྲིམས་སྐྱོང་། མི་ཆོས། ནང་དོན། རྣམ་པ་བཅས་ནས་སློབ་བསྡུའི་རྒྱུགས་ལེན་གྱི་ས་ཁོངས་འདྲ་མཉམ་དང་། མི་རིགས་སྲིད་ཇུས། ཕན་ནུས་ལྡན་ཚད། གདེང་འཇོག་སོགས་ཀྱི་ཐད་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཡོད་པ་དང་།  དེའི་ནང་ད་དུང་ཨ་རི་དང་དབྱིན་ཇི། ཨུ་རུ་སུ། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ལྗར་པན། རང་རྒྱལ་གྱི་ཐའེ་ཝན་ས་ཁུལ་བཅས་ཀྱི་མཐོ་སློབ་སློབ་བསྡུའི་རྒྱུགས་ལེན་ལམ་ལུགས་ལ་ཆེད་དོན་དཔྱད་བསྡུར་བྱས་ཡོད་པ་རེད།
       དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་གཙོ་བོ་དང་ཞྭ་མོན་སློབ་ཆེན་གྱི་རྒྱུགས་ལེན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་ཧའེ་ཧྥེང་དགེ་རྒན་ཆེ་མོས་དཔེ་ཚོགས་ཀྱིས་ཀྲུང་གོ་གསར་པར་མཐོ་རྒྱུགས་ལམ་ལུགས་བཙུགས་ནས་ལོ་ངོ་60ལྷག་སོང་བའི་རིང་འཕོ་འགྱུར་རབ་དང་རིམ་པ་བྱུང་བར་ཁྱོན་ཡོངས་ནས་རྟོག་ཞིབ་དང་གསལ་སྟོན་བྱས་ཡོད་པ་མ་ཟད། ཤར་ནུབ་ཕྱོགས་རྒྱལ་ཁབ་དང་ས་ཁུལ་གྱི་མཐོ་སློབ་ཀྱི་སློབ་བསྡུའི་རྒྱུགས་ལེན་ལམ་ལུགས་ལ་རྟོག་ཞིབ་དང་དབྱེ་ཞིབ་བྱས་ནས་གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད་དང་། མཐོང་ཟུར་མང་བ་དང་ཕྱོགས་མཐའ་ཀུན་ནས་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་བསྡོམས་དང་ལག་ལེན་འཚོལ་ཞིབ་བྱས་ཏེ་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་དང་རྒྱལ་ཁབ་ཕྱི་ནང་བསྡུར་ཞིབ་བྱས་པའི་ཁྲོད་ནས་དེང་དུས་ཀྱི་མཐོ་རྒྱུགས་བསྒྱུར་བཅོས་ལ་གཙིགས་ཆེན་བྱས་ཏེ་རང་རྒྱལ་གྱི་མཐོ་རྒྱུགས་ལམ་ལུགས་རྒྱུན་འཛིན་དང་དཔྱད་གཞིར་འཛིན་པའི་ཁྲོད་དུ་གསར་གཏོད་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་གང་ཐུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། (གཡང་མཚོ།)