དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ལྗོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-22 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 24027

        "རྒྱུད་གཅིག་ལམ་གཅིག"གི་གྲོས་གཞི་བཏོན་ནས་ལོ་བཞི་འདས་རིང་། ཀྲུང་གོ་ནས་ཨེ་ཤ་ཡ་ལྷོ་མར་བསྐྱོད་སའི་སྒོ་གཙོ་བོ་ཡིན་པའི་བོད་ལྗོངས་ལ་མཚོན་ན། སྔོན་མེད་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཞིག་བྱུང་བ་རེད། ཐུན་མོང་མ་ཡིན་པའི་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དང་རིག་གནས་ཐོན་རྫས་རྒྱལ་ནང་ནས་ཕྱིར་བསྐྱོད་པ་རེད།
        རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་སྒོ་འབྱེད་ཁུལ་དང་། དེ་བཞིན་དུ་གྲབས་འཛུགས་བྱེད་བཞིན་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ། མཐའ་མཚམས་དང་རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཁུལ་གྱིས་བོད་རང་སྐྱོང་ལྗོངས་ལ་འཕེལ་རྒྱས་གཏོང་གཞིའི་གར་སྟེགས་མང་པོ་མཁོ་འདོན་བྱས་ཡོད་པ་རེད།  
        སྒྱུར་བཅོས་གསར་གཏོད་ཁྲོད་དུ་བོད་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཞིང་། ཐུན་མོང་མ་ཡིན་པའི་ས་ཁུལ་ཀྱི་ཡུལ་བབ་དགེ་མཚན་བཏོན་ནས། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་པ་གཏོང་པ་རེད། 
        "རྒྱུད་གཅིག་ལམ་གཅིག"གི་སྣེ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མར་སྐྱོད་ལམ་གྱི་འཛུགས་སྐྲུན་ལྟེ་བར་ཁ་ཕྱོགས་པ་ནི་ཏང་ཀྲུང་དབྱང་དང་ རྒྱལ་སྲིད་སྤྱི་ཁྱབ་ཁོངས་གི་ཐབས་ཇུས་གལ་ཆེན་ཡིན་ཞིང་། དེས་ངེད་ལྗོངས་ཀྱི་སྒོ་འབྱེད་དང་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྔ་བསྐྲུན་ཡོད་དེ།གོ་སྐབས་དང་པོ། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་རྒྱུ་རེད། བོད་རང་སྐྱོང་ལྗོངས་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ། གསར་འགྱུར། གློག་ཤུགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་གཏོང་གཞི་ཆེན་པོ་ཡོད་པ་དང་། ལེགས་བཅོས་བྱས་རྗེས་བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་ཕྱི་ཕྱོགས་དཔལ་འབྱོར་སྒོ་འབྱེད་ལ་འདེགས་སྐྱོར་གྱི་ནུས་པ་མཁོ་འདོན་བྱེད་ཐུབ་རྒྱུ་རེད། 
        གོ་སྐབས་གཉིས་པ། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཇེ་ཆེར་གཏོང་ཐུབ་རྒྱུ་རེད། བརྒྱུད་ལམ་འཛུགས་བསྐྲུན་གྱིས་ཕྱི་ཕྱོགས་ཉོ་ཚོང་སྟབས་བདེ་ཡོང་བ་དང་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་ཐེབས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་བལ་ཡུལ་སོགས་མཐའ་མཚམས་ཀྱི་ཉོ་ཚོང་དང་། དེ་བཞིན་དུ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར། རིག་གནས་ལ་སོགས་པའི་ཁྱད་ཆོས་ལྡན་པའི་ཐོན་རྫས"ཕྱིར་གཏོང"དང"ནང་འདྲེན"གྱི་སྣེ་ཁྲིད་བྱེད་ཐུབ་རྒྱུ་རེད།
        གོམ་སྐབས་གསུམ་པ། ནང་ལོགས་སུ་གསར་སྤེལ་སྒོ་འབྱེད་བྱེད་ཚད་ཇེ་ཆེར་འགྲོ་རྒྱུ་རེད། བརྒྱུད་ལམ་འཛུགས་བསྐྲུན་ལ་བོད་ལྗོངས་རང་ངོས་ནས་འབད་དགོས་པ་མ་ཟད། ད་དུང་ནང་སའི་ཐོན་རྫས་ཡག་ཤོས་འཕེལ་རྒྱས་གཏོང་བའི་གཞི་རྒྱུའང་ལྡན་དགོས་ལ། ནང་ས་དང་བོད་ལྗོངས་ཀྱི་ཐོན་ལས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བར་སྐུལ་མ་ཐེབས་ཐུབ་རྒྱུ་རེད།
        གོ་སྐབས་བཞི་པ། ཐོན་ལས་སྒོ་འབྱེད་འཕེལ་རྒྱས་ཡོང་པ།
        གོ་སྐབས་ལྔ་པ། མཐའ་མཚམས་ཁུལ་གྱི་འཕེལ་རྒྱས་མགྱོགས་མྱུར་ཡོང་རྒྱུ་ཡིན་པ། 

རྩོམ་སྒྲིག་པ། (གཡང་མཚོ།)