དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྡོ་མཁར་རྫོང་གི་དུས་ཡུན་གསུམ་པའི་ལས་གྲྭ་གོམ་བརྟན་ངང་སྤེལ་བཞིན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 24286

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་སྤུས་སྤར་རྒྱ་སྐྱེད་ལས་གྲྭ་དེ་ཁུལ་བཙུགས་ལོ་འཁོར་60ལོན་པའི་གལ་ཆེའི་འཛགས་སྐྲུན་རྣམ་གྲངས་ཤིག་ཡིན་པའི་ཆ་ནས།ལས་ཀ་ཁག་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན།རྡོ་མཁར་རྫོང་ལ་“ 1•11 ”མེ་སྐྱོན་བྱུང་རྗེས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གིས་རྡོ་མཁར་རྫོང་གི་སླར་གསོ་རྒྱས་སྐྲུན་གྱི་སྤྱིའི་འཆར་གཞི་བཟོས་པ་དང་།ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་12.27གཏོང་རྩིས་ཡོད་ལ།སླར་གསོ་རྒྱས་སྐྲུན་གྱི་ལས་ཡུན་ནི་ལོ་ངོ་3ཡིན།མིག་སྔར།དུས་ཡུན་དང་པོ་དང་དུས་ཡུན་གཉིས་པའི་ལས་གྲྭ་ཡོངས་སུ་འགྲུབ་ཡོད།དུས་ཡུན་དང་པོ་དང་དུས་ཡུན་གཉིས་པའི་ལས་གྲྭ་ནི་རིགས་སྣ་ཁག་གི་སྦུབས་དྲ་འདིང་བ་དང་།ལམ་ངོས་ལ་ཨར་འདམ་ལྕགས་རྩིབས་དང་རྡོ་འདེང་བ།སྨི་གྲུ་བཞི་1000ལྡན་པའི་གྲུ་བཞི་ཁྲོམ་ལམ་གྱི་ཐང་ཆེན་འཛུགས་པ།དེ་བཞིན་གྲུ་བཞི་ཁྲོམ་ལམ་ཐང་ཆེན་གྱི་ས་འོག་གི་མེ་གསོད་རྫིང་བུ་སྨི་ལྷམ་པ་200འཛུགས་པ་སོགས་ཡོད།
        དུས་ཡུན་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་སླར་གསོ་རྒྱས་སྐྲུན་གྱི་དུས་ཡུན་གསུམ་པའི་ལས་གྲྭ་དང་དམར་དམག་རྒྱང་སྐྱོད་གནས་ས་རྙིང་པའི་རྡོ་མཁར་རྫོང་གི་མ་ལག་ཆ་ཚང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གཉིས་ཡོད་པ་དང་།2016ལོའི་ཟླ་8པའི་ཚེས་3ཉིན་དུ་ལས་འགོ་ཚུགས་པ་རེད།དུས་ཡུན་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་དེ་གཞུང་ལམ་གཙོ་བོ་20དང་ཡན་ལག་གཞུང་ལམ་ཡོད་པ་དང་གཞུང་ལམ་གྱི་འཛུགས་སྐྲུན་རྒྱ་ཁྱོན་ནི་སྨི་གྲུ་བཞི་34626ཡོད་ལ་རིང་ཚད་སྨི་5005ཡོད།དམར་དམག་གི་གནས་ས་རྙིང་པའི་འཛུགས་སྐྲུན་རྣམ་གྲངས་ནི་གཞུང་ལམ་7ཡོད་ཅིང་།རྣམ་གྲངས་གཉིས་ལ་སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་1.02གཏོང་རྒྱུ་རེད།ད་ལྟ་དུས་ཡུན་གསུམ་པའི་འཛུགས་སྐྲུན་གོམ་བརྟན་ངང་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། (གཡང་མཚོ།)