དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དུས་ལྟར་བསྡུ་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 285

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་17ཉིན།2017ཀྲུང་གོ་སེམས་ཀྱི་ཉི་ཟླའི་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་ནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དངོས་སུ་ད་ལོའི་རྒྱ་རྩིས་ལྔ་པའི་ཚེས་ལྔའི་སྐབས་(ཟླ་5པའི་ཚེས་30ཉིན་ནས་ཟླ་6པའི་ཚེས་1ཉིན)སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁུལ་སྟོན་བསུ་བ་དང་ཏང་གི་བཀའ་དྲིན་ཚོར་བ།འབྱོར་འབྲིང་ལ་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་དང་ཕྲེང་བསྟར་བྱེད་སྒོ་བསྡུ་རྒྱུའི་ཁྱབ་བསྒྲགས་གནང་ཞིང་།ཕྱི་ཕྱོགས་ལ་སེམས་ཀྱི་ཉི་ཟླའི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ཉམས་སུ་མྱོང་བའི་གདན་འདྲེན་ཞུས་པ་རེད།

        ཤེས་གསལ་བྱུང་དོན།ལྔ་པའི་རྟ་རྒྱུག་དུས་ཆེན་ནི་ཟླ་5པའི་ཚེས་30ཉིན་གྱི་སྔ་དྲོར་བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་དུ་འགོ་ཚོགས་རྒྱུ་ཡིན་ཞིང་།རྟ་རྩལ་འགྲན་བསྡུར་དང་མི་རིགས་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་མི་སྒེར་རྣམས་གྲངས་ཀྱི་འགྲན་བསྡུར།དངོས་མིན་རིག་གནས་ཤུལ་རྫས་འགྲེམ་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་བསྡུ་རྒྱུ་ཡིན་པ་རེད།དེའི་སྐབས་སུ་འགོ་ཚོགས་མཛད་སྒོའི་སྲིད་འཛིན་མཛད་སྒོ་དང་འགོ་ཚོགས་མཛད་སྒོའི་རྟ་རྩལ་ལྟད་མོ་སྟོན་པ།རིག་རྩལ་ལྟད་མོ་སྟོན་པ།ཀྲུང་གོ་སེམས་ཀྱི་ཉི་ཟླའི་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་འབའ་ལྷག་དཀར་རྫོང་བུམ་པའི་རྒྱལ་སྤྱིའི་བྱེས་བགྲོད་མོ་ཐུའོ་འཁོར་ལོའི་འགྲན་བསྡུར་སོགས་ཀྱི་ཕྲེང་བསྟར་བྱེད་སྒོ་བསྡུ་རྒྱུ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲའུ་ཞའོ་ཅུན་གྱིས་ཚོགས་འདུའི་ཐོག་འབའ་ལྷག་དཀར་རྫོང་བུམ་པའི་རྒྱལ་སྤྱིའི་བྱེས་བགྲོད་མོ་ཐུའོ་འཁོར་ལོའི་འགྲན་བསྡུར་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400—3500ཡོད་པའི་རྒྱལ་ཐང་གྲོང་རྡལ་དུ་བསྡུ་བ་ནི་མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་བྱེས་བགྲོད་མོ་ཐུའོ་འཁོར་ལོའི་འགྲན་བསྡུར་ཞིག་རེད།མིག་སྔར་ཨ་མེ་རི་ཁ་དང་ནེའུ་ཙི་ལན་སོགས་རྒྱལ་ཁབ་དང་ས་གནས་ཀྱི་ཁ་ལོ་བ་300ལྷག་གིས་མིང་ཐོར་འགོད་པ་རེད།

 

རྩོམ་སྒྲིག་པ། (གཡང་མཚོ།)