དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ལྗོངས་ཀྱི་རེས་སྐོར་གསར་པའི་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་ལྟེ་བའི་གྲོང་ཚོ་དང་པོར་གློག་བཏང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-23 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 12419

ཟླ་5ཚེས་16ཉིན་ནག་ཆུ་ས་ཁུལ་ནག་ཆུ་རྫོང་གི་ས་བབ་སྨི་4500ཟིན་པའི་ས་ཚིགས་གྲོང་ཚོ་དེ་བོད་ཀྱི་གློག་དྲ་གཙོ་བོའི་གློག་དྲ་དང་སྦྲེལ་མཐུད་ཐུབ་སྟེ་ཁྱོན་ཡོངས་ནས་གློག་བཏང་བས་བོད་ཀྱི་རེས་སྐོར་གསར་པའི་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་ཁྲོད་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐོག་མར་བྱས་པའི་ལྟེ་བའི་གྲོང་ཚོར་གྱུར་ཞིང་།འདི་ནི་ནག་ཆུ་རྫོང་ས་ཚིགས་གྲོང་ཚོའི་འབྲོག་པ་བསྟན་འཛིན་ཟླ་བ(གཡས་ཀྱི་དང་པོ)དང་ཁོང་གི་བཟའ་ཟླས(གཡས་ཀྱི་གཉིས་པ)ཁྱིམ་གྱི་གློག་ཡག་པོ་ཡོད་མེད་ལྟ་བཞིན་པ།

ཟླ་5ཚེས་16ཉིན་གྱི་དགོང་མོར་རང་ལྗོངས་ཀྱི་རེས་སྐོར་གསར་པའི་ཞིང་ཁུལ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭའི་ལྟེ་བའི་གྲོང་ཚོ་དང་པོ་སྟེ་ནག་ཆུ་རྫོང་ཀོ་ལུག་གྲོང་རྡལ་གྱི་ས་ཚིགས་ལྟེ་བའི་གྲོང་ཚོ་དང་བོད་ཀྱི་གློག་དྲ་གཙོ་བོ་དང་སྦྲེལ་མཐུད་ཐུབ་ནས་ས་ཚིགས་གྲོང་ཚོ་དང་དེའི་ཁོངས་ཀྱི་རང་བྱུང་གྲོང་ཚོ་3གྱི་ཡུལ་མི་200ལྷག་ལ་གློག་དྲ་གཙོ་བོ་ནས་ཁྱོན་ཡོངས་ནས་གློག་ཐོག་མར་གཏོང་ཐུབ་པ་བྱུང་ཡོད།

རྒྱལ་ཁབ་གློག་དྲ་ནག་ཆུའི་གློག་གཏོང་ཀུང་སིའི་སྤྱི་གཉེར་བ་ཝང་ཀྲུའོ་ཡིས་ནག་ཆུ་ས་ཁུལ་གྱི་རེས་སྐོར་གསར་པའི་ཞིང་ལས་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་27བཏང་ནས་ཆན་ཕུའུ་35དང་དེ་ཡན་གྱི་གློག་སྒྱུར་ས་ཚིགས་27དེ་བཞིན་ཆན་ཕུའུ་35དང་དེ་ཡན་གྱི་སྐུད་ལམ་སྤྱི་ལེ་1090.26གསར་རྒྱག་དང་སྒྱུར་བཀོད་བྱ་རྒྱུ་ཡིན་པ་དེ་ནག་ཆུ་ས་ཁུལ་གྱི་རྫོང་8དང་གྲོང་ཚོ་611ལ་ཁྱབ་ནས་དེ་གའི་ཐེམ་དུད་ཁྲི་3.1ལྷག་གི་མི་གྲངས་ཁྲི་11ཙམ་ལ་བདེ་འཇགས་ལྡན་ཞིང་བློས་འགེལ་ཆོག་པའི་གློག་གཏོང་ཐུབ་རྒྱུ་ཡིན་པའི་ནང་ཐེམ་དུད་ཁྲི་1.7དང་མི་གྲངས་ཁྲི་6.3ལྷག་གློག་དྲ་གཙོ་བོའི་གློག་གཏོང་ཁུལ་ནང་དུ་འཇུག་ཡོད་པ་རེད།

བོད་ཀྱི་རེས་སྐོར་གསར་པའི་ཞིང་ལས་གློག་དྲ་སྒྱུར་བཅོས་རིམ་སྤོར་ལས་གྲྭ་ནི་བོད་ཀྱི་གྲོང་གསེབ་ཆུང་ངུར་སྤྱི་པའི་ཞབས་ཞུ་བསྒྲུབས་པའི་ཧེ་བག་ཆུང་དུ་གཏོང་བ་དང་ཞིང་འབྲོག་པ་ཁྲིར་ཕན་པ་འདོགས་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ལས་གྲྭ་དེར་མ་དངུལ་སྒོར་དུང་ཕྱུར་120ལ་ཉེ་བ་བཏང་བ་ནིལོ་ལྔ་ཚན་བཅུ་གཉིས་པའིབོད་ཀྱི་གློག་དྲ་འཛུགས་སྐྲུན་ཐད་གཏོང་བའི་མ་དངུལ་བསྡོམས་འབོར་གྱི་ལྡབ་1.4ཡིན་པ་དང་།2017ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་།རྫོང་61གྲོང་རྡལ་ཆུང་ངུ་3000(ལྟེ་བའི་གྲོང་ཚོ)བཅས་ལ་ཁྱབ་པའི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་འགན་སྔོན་ལ་བསྒྲུབས་ནས་བོད་ཀྱི་གྲོང་རྡལ་ཆུང་ངུའི་ལྟེ་བའི་གྲོང་ཚོའི་གནས་བབ་དང་རྟ་སྒ་ཆ་སྒྲིག་པའི་དེང་རབས་གྲོང་གསེབ་ཀྱི་གློག་དྲ་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།