འཕུར་སྐྱོད་ཀྱི་ཕུགས་འདུན།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
འཕུར་སྐྱོད་ཀྱི་ཕུགས་འདུན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-25 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 25604

      ཟླ་5ཚེས་23ཉིན། “མཁའ་འགྲུལ་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས”བྱེད་པའི་བྱེད་སྒོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་གཉེར་བ་དང་། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་འཕུར་སྐྱོད་པ་དང་མཁའ་འགྲུལ་ཞབས་ཞུ་བས་སློབ་མ་ཚོར་མཁའ་འགྲུལ་ཚན་རྩལ་ཁྱབ་གདལ་གྱི་སློབ་ཚན་ཐེངས་གཅིག་ཁྲིད་པ་དང་། མཁའ་འགྲུལ་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་ཆབས་ཅིག་སློབ་མ་ཚོར་འཕུར་སྐྱོད་པ་དང་མཁའ་འགྲུལ་ཞབས་ཞུ་བའི་ལས་ཀའི་ནང་དོན་དང་དེ་བཞིན་གནམ་གྲུའི་བདེ་འཇགས་ཀྱི་རྒྱུན་ཤེས་སོགས་དྲིལ་བསྒྲགས་བྱས་ཤིང་། གོང་གི་པར་རིས་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་མཁའ་འགྲུལ་ཞབས་ཞུ་བས་ཕྲུ་གུ་ཚོར་མཁའ་འགྲུལ་གྱི་ཤེས་བྱའི་དེབ་སྤྲོད་པའི་གནས་ཚུལ་ཡིན་པ།