དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
2017ལོའི་སེམས་ཀྱི་ཉི་ཟླའི་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་འགོ་ཚུགས་པ།
རྩོམ་པ་པོ། པདྨ་ཚེ་རིང་། དུས་ཚོད། 2017-05-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 18033

       ལོ་རེའི་ལྔ་པའི་ཚེས་ལྔའི་དུས་ཆེན་ནི་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྲོལ་རྒྱུན་གྱི་རྟ་རྒྱུག་ཉིན་མོ་ཡིན་ཞིང་།   བདེ་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཆེས་གཟབ་རྒྱས་ལྡན་པའི་དམངས་སྲོལ་དུས་ཆེན་གཙོ་བོ་ཞིག་ཀྱང་ཡིན།  དེར་མ་ཟད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་རིག་གནས་དར་སྤེལ་དང་རྒྱུན་འཛིན་གཏོང་བའི་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་བྱ་གཞག་གལ་ཆེན་ཞིག་ཀྱང་ཡིན།    ལྔ་པའི་རྟ་རྒྱུག་ནི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ནང་ཚུད་ཡོད།   ཉེ་བའི་ལོ་འགའི་རིང་ལ་རྟ་རྒྱུག་ནི་ལྟད་མོའི་རྣམ་པ་རྐྱང་བ་ལས་འདས་ཏེ་དཔལ་འབྱོར་རིག་གནས་འབྲེལ་འདྲིས་དང་།  ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤྲོ་ཚོགས་ཆེན་མོ་ཞིག་ཏུ་གྱུར་ཡོད།

 

     དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་པའི་ལྔ་པའི་རྟ་རྒྱུག་དུས་ཆེན་ཐོག    སེམས་ཀྱི་ཉི་ཟླས་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་གི་སྒོ་འཕར་ཡོངས་སུ་ཕྱེས་ཡོད་ཅིང་།  མཐོ་སྒང་གི་སྤང་ཐང་དུ་དཀར་དམར་ཁྲ་གསུམ་གྱི་མེ་ཏོག་རྣམ་པར་བཞད་ལ།  ཡངས་པའི་རྩྭ་ཐང་གིས་ང་ཚོའི་སེམས་ཁོང་གི་རེ་ལྟོས་གསོན་པོ་དེ་རུམ་ཡོད།   ང་ཚོས་དགའ་བའི་ཉམས་དང་སྐྱིད་པའི་འཛུམ་མདངས་བཅས་སྤྲོ་སྐྱིད་ལྡན་པའི་རྟ་རྒྱུག་བསུ་བར་བྱེད།  

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་2017ལོའི་ལྔ་པའི་རྟ་རྒྱུག་གི་རིག་རྩལ་འཁྲབ་སྟོན་ལ་རྩ་འཛུགས་བྱས་ཤིང་།   རིག་རྩལ་འཁྲབ་སྟོན་དེ་སེམས་ཀྱི་ཉི་ཟླའི་དཔྱིད་ཡོན་དང་།  སེམས་ཀྱི་ཉི་ཟླའི་བརྩེ་བ།   སེམས་ཀྱི་ཉི་ཟླའི་ཕུགས་འདུན་བཅས་ལེ་ཚན་གསུམ་དུ་བགར་ཡོད།    

གླུ་མ་དབྱངས་ཅན་ལྷ་མོས་མཛེས་པའི་ཁམས་པའི་བུ་མོ་ཞེས་པའི་གཞས་ལེན་པ། 

རྡོ་མཁར་རྫོང་སྡེ་ཁུལ་གྱིས་རྒྱལ་ཐང་གི་སྐོར་བྲོ་ཞེས་པ་འཁྲབ་བཞིན་པ། 

བློ་བཟང་ཤེས་རབ་ཀྱིས་བཀྲ་ཤིས་དཔལ་གཡང་མཆོད་ལ་ཞེས་པའི་གླུ་ལེན་པ། 

 

 

སྤྲོ་སྐྱིད་ཀྱི་སྣང་བ་ག་ས་གང་དུ་ཁྱབ་པའི་ཡིད་འོང་གི་ཉིན་མོ་འདིར།    ཁམས་པའི་ཕོ་རྒོད་ཚོས་སྤོབས་པ་དང་དཔའ་ངར།  ཐབས་ཤེས་དང་ཉམས་མྱོང་ལ་བརྟེན་ནས་རྟ་རྒྱུག་གི་བང་རྩལ་འགྲན།  

ཧེ་ཡུས་ཀྱིས་རྟག་བརྟན་གྱི་སེམས་ཀྱི་ཉི་ཟླ་ཞེས་པའི་གླུ་ལེན་པ། 

 

 

བདེ་ཆེན་གྱི་རིགས་སོ་སོའི་མང་ཚོགས་རྫོང་པ་ནགས་ལྕོག་རི་བོའི་རྟ་རྒྱུག་ཐང་ཆེན་དུ་འཛོམས་ནས་རང་ཉིད་ཀྱི་བརྩེ་བ་བཅང་སྟངས་དང་ཐུན་མོང་མ་ཡིན་པའི་རྣམ་པ་ལ་བརྟེན་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་བསུ་མ་བྱས་ཡོད་ཅིང་།   ང་ཚོས་མཉམ་དུ་མཛེས་སྡུག་ལྡན་པའི་དུས་སྐབས་འདི་གཅེས་སྤྲས་བྱས་ཏེ་དགའ་བའི་བྲོ་དང་སྐྱིད་པའི་གཞས་ལ་རོལ་བ་དང་།    མཉམ་དུ་ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་ཚན་པ་འབྲི་བར་བརྩོན།  

 

སྒྲོལ་མ་ལགས་ཚན་སྡེབ་ཀྱིས་མཛེས་པའི་ཕ་ཡུལ་ཞེས་པའི་གཞས་གཏོང་བ། 

རྟ་རྒྱུག་རིག་རྩལ་འཁྲབ་སྟོན་དངོས་སུ་མཇུག་སྒྲིལ་བ།

 

 

 

རྩོམ་སྒྲིག་པ། (Test)