དགེ་འདུན་ཆོས་འཕེལ་གྱི་དཔེ་རིས་བརྩམས་ཆོས་རྙིང་བ།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> རྩོམ་རིག་དཔྱད་བརྗོད།
དགེ་འདུན་ཆོས་འཕེལ་གྱི་དཔེ་རིས་བརྩམས་ཆོས་རྙིང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-06-16 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 465

      སྒྲིག་ཨང68ཀྱི་དཔེ་རིས་བརྩམས་ཆོས་ནི་དགེ་འདུན་ཆོས་འཕེལ་གྱིས་ཕྱི་རྒྱལ་དུ་ས་གནས་ཆོས་ལུགས་ཀྱི་སྣང་བརྙན་མཐོང་བར་བརྟེན་བྲིས་པ་ཞིག་སྟེ།རྐང་ལག་བཙུགས་ཏེ་གནས་བསྐོར་ལ་འགྲོ་བ་དང་།ཤིང་གི་ཕུར་བ་སྟོང་གི་རྩེར་ཉལ་བའི་དགའ་ཐུབ་པ།ཞེས་ཕྱག་བྲིས་གནང་ཡོད།

      སྒྲིག་ཨང12པའི་དགེ་འདུན་ཆོས་འཕེལ་གྱི་དཔེ་རིས་བརྩམས་ཆོས་སུ་ཡ་གླིང་ལྷོ་མའི་འཛུགས་སྐྲུན་གྱི་བཟོ་དབྱིབས་མངོན་པར་བཏོད་ཡོད།

      སྒྲིག་ཨང10ཡི་དཔེ་རིས་བརྩམས་ཆོས་དེ་ནི་ཡ་གླིང་ལྷོ་མའི་དཔེ་ཚུལ་ཞིག་ཏུ་སྣང་ཞིང་།དཔེ་རིས་ཁྲོད་ཀྱི་རྒྱབ་ལྗོངས་ནི་རྒྱ་གར་བུ་མོ་ཞིག་གི་སྣང་བརྙན་ཡིན་ལ།དགེ་འདུན་ཆོས་འཕེལ་གྱིས་པར་རིས་གཤམ་དུ།སྙན་དངགས་ལ་གྲགས་པའི་མིག་སྨན་དེ་ནི་ཏིལ་མར་གྱི་དུ་བ་ཙམ་ཏེ།དེ་ཡང་རྒྱ་གར་པ་རྣམས་མིག་གི་ཐན་ཀོར་རང་བཞིན་གྱིས་ནག་ཅིང་།དེ་ལང་ཚོའི་མཛེས་ལ་ཡང་བརྩི་བས། བུད་མེད་རྣམས་ཞེས་ཕྱག་བྲིས་ཀྱང་གནང་འདུག