དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
བདེ་ཆེན་གྱི་སློབ་མ་ཞིག་རྒྱལ་ཡོངས་ཀྱི་ཚོགས་བཤད་ལ་འགྲོ་རྒྱུ་ཡིན་པ།
རྩོམ་པ་པོ། ཡང་ཡུང་། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2017-06-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 207

     ཉེ་ཆར།  ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཉི་འོད་སློབ་ར་ནི་ང་ཚོའི་གྲོགས་པོ་བཟང་པོ་ཡིན་ཞེས་པའི་གཏམ་བཤད་འགྲན་བསྡུར་ཁྲོད།བདེ་ཆེན་ཁུལ་གྱི་འགྲན་ཞུགས་སློབ་གྲོགས་གསུམ་ཡོངས་ལ་བྱ་དགའ་ཐོབ་ཡོད་པ་དང་། དེའི་ནང་དུ་རྒྱལ་ཐང་སློབ་ཆུང་ནས་ཐོན་པའི་སློབ་གྲོགས་ཀྲང་ཅུན་ཉིང་ལ་སློབ་ཆུང་ཚན་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད།  ད་དུང་ཡུན་ནན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཞུགས་རྒྱུ་རེད།  

         སློབ་གྲོགས་ཀྲང་ཅུན་ཉིང་གིས་གཏམ་བཤད་གནང་བའི་བརྗོད་བྱ་སྟེ།  དྲོད་འཇམ་ལྡན་པའི་སློབ་གླིང་། བརྩེ་བས་ཕྱུག་པའི་རྒྱལ་ཐང་ཞེས་པའི་རྩོམ་ཡིག་ནང་རྒྱལ་ཐང་སློབ་ཆུང་ནང་དུ་བྱུང་མྱོང་བའི་མངོན་སུམ་གྱི་གཏམ་རྒྱུད་ཅིག་བཤད་ཡོད་པ་དང་།  ཁོ་མོའི་བརྩེ་བ་དང་ཉམས་འགྱུར་ལྡན་པའི་གཏམ་བཤད་ཀྱི་རྣམ་པ་དང་།  ཡིད་ཆེས་དང་སྤོབས་པས་ཁེངས་པའི་རྣམ་འགྱུར་གྱིས་དཔྱད་འདེམས་པ་ཡོངས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས་ཏེ་མཇུག་མཐར་སློབ་ཆུང་ཚན་པའི་སྐར་གྲངས་ཆེས་མཐོ་ཤོས་དགུ་ཚེག་བརྒྱད་བླངས་ཡོད།  

       ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་ད་ལོའི་རྒྱལ་ཡོངས་གྱི་བཟང་པོ་ལྔ་ལྡན་གྱི་སྤྱི་དམངས་ཆུང་ཆུང་ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་སློབ་གསོའི་བྱེད་སྒོ་ནང་གི་ནང་དོན་ཞིག་ཡིན། ཡུན་ནན་ཞིང་ཆེན་གྱི་གཏམ་བཤད་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་ཁྲུའུ་ཞུང་ཁུལ་གསར་སྤེལ་ས་ཁུལ་ཚོད་ལྟའི་སློབ་ཆུང་ནས་བསྡུས་པ་རེད།  ཐེངས་འདིའི་གཏམ་བཤད་འགྲན་བསྡུར་ལ་སློབ་ཆུང་ཚན་པ་དང་སློབ་འབྲིང་ཚན་པ་རིགས་གཉིས་བགར་ཡོད་ཅིང་།  ཞིང་ཆེན་ཡོངས་ཀྱི་འགྲན་ཞུགས་པ54ཞུགས་ཡོད།  དེའི་ཁྲོད་དུ་སློབ་ཆུང་ཚན་པར་འགྲན་ཞུགས་པ34དང་སློབ་འབྲིང་ཚན་པར་འགྲན་ཞུགས་པ20ཡོད། རྒྱལ་ཡོངས་སུ་སྙན་གྲགས་ཆོད་པའི་གཏམ་བཤད་པ་རྒན་ཚའེ་ཁྲའོ་ཏུང་གིས་དཔྱད་འདེམས་པ་གཙོ་བོའི་འགན་འཁུར་ཡོད།  

 

རྩོམ་སྒྲིག་པ། (Test)