དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
ཚེར་ནག་བཙུགས་ནས་འབྱོར་ཕྱུག་གི་ལམ་དུ་ཆས་པའི་ན་གཞོན་ཞིག
རྩོམ་པ་པོ། མི་གསལ། དུས་ཚོད། 2017-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 442

 

 

 

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་གོང་སྟོད་གྲོང་ཚོའི་ཚེར་ནག་རྟེན་གཞིའི་ནང་།   ལོ་ལེགས་སྨིན་པའི་ཚེར་ནག་གི་འབྲས་བུས་སིལ་སྡོང་གི་ཡལ་ག་རེ་རེ་ཐུར་དུ་དཔྱངས་སུ་བཅུག་ཡོད་ལ།   སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཚེར་ནག་གི་འབྲས་བུ་བཏོག་བཞིན་ཡོད།   ཚེར་ནག་གི་སྡོང་བོ་འཛུགས་པ་ནི་ཉེ་བའི་ལོ་འགའི་རིང་སྐད་ཚག་ཤང་ཝུན་ཧྲང་གྲོང་ཚོའི་འཕེལ་རྒྱས་འབྱུང་བཞིན་པའི་ཁྱད་ལྡན་ཐོན་ལས་ཤིག་ཡིན།   གྲོང་ཚོ་འདིའི་ན་གཞོན་ཆི་ཡུང་ཆང་གིས་ས་དམ་ས་ཁུལ་དུ་ཚེར་ནག་བཙུགས་ཏེ་ཞིང་པའི་ཡོང་སྒོ་འཕར་སྣོན་བྱུང་ཡོད་པའི་ཐོན་ལས་གསར་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་རང་གི་ཕ་ཡུལ་དུ་ཡང་ཚེར་ནག་འཛུགས་པའི་བསམ་འདུན་སྐྱེས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་མཐོ་སྒང་ནས་ཀྱང་ཚེར་ནག་བཏབ་ན་གསོན་ཐུབ་པའི་བདེན་དཔང་ཐོབ་པས་ཡིད་ལ་དགའ་ཚོར་དང་ཡིད་ཆེས་ཆེན་པོ་སྐྱེས།ཕ་ཡུལ་དུ་ལོག་རྗེས་ཁོང་གིས་གྲོང་ཚོའི་ནང་གི་ས་རྒོད་མུའུ300འགན་ལེན་དང་མ་དངུལ་སྒོར་ཁྲི20བཏང་ནས་ཚེར་ནག་འདེབས་འཛུགས་རྟེན་གཞི་ཞིག་བཙུགས་པ་རེད།    ན་གཞོན་ཆི་ཡུང་ཆང་གིས་འདེབས་འཛུགས་ལག་རྩལ་ལ་སློབ་སྦྱོང་དང་།   ད་དུང་ཆེད་ལས་གསོ་སྤེལ་མི་སྣ་གདན་དྲངས་ནས་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་མ་ཟད་དཀའ་བ་སྣ་ཚོགས་ཁྱད་དུ་བསལ་ནས་རྒྱུན་འཁྱོངས་བྱས་མཐར་རང་ཡུལ་ནས་ཚེར་ནག་གི་མྱུ་གུ་གསོ་སྤེལ་བྱེད་པ་ལེགས་འགྲུབ་བྱུང་།  

 

   མུ་མཐུད་ནས་འཚོལ་སྙེག་དང་ལག་ལེན་བྱས་པ་བརྒྱུད།    ན་གཞོན་ཆི་ཡུང་ཆང་གིས་ཚེར་ནག་གི་ཡལ་ག་འབྲེག་པ་དང་། ལུད་རྫས་གཏོར་བ། གནོད་འབུ་སེལ་བ་སོགས་ཀྱི་བྱེད་ཐབས་ཁོང་དུ་ཆུད་ལ།   ལོ་རེ་ལ་སྒོར་ཁྲི5ལྷག་གི་ཡོང་སྒོ་ལོན་བྱུང་བ་མ་ཟད།  འབྱོར་ཕྱུག་གི་ཐབས་ལམ་ཞིག་ཀྱང་བཙལ་ཐུབ་པ་བྱུང་བ་རེད། 

   རང་ཉིད་ཕྱུག་པོར་ཆགས་ཀྱང་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་མི་བརྗེད་པ་དང་།  ཡུལ་མི་ཚང་མས་ཡོང་སྒོ་རེ་རེག་ཐུབ་རྒྱུ་ནི་ན་གཞོན་ཆི་ཡུང་ཆང་གིས་ཚེར་ནག་འཛུགས་དུས་ཀྱི་ཐོག་མའི་ཕུགས་འདུན་ཡིན།ཚེར་ནག་ནི་དམངས་ཕྱུག་འབབ་འཕར་གྱི་ཐོན་ལས་གསར་པ་ཞིག་ཏུ་འགྱུར་ཆེད།   ཁོང་གིས་གྲོང་ཚོའི་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་ཚེར་ནག་འདེབས་འཛུགས་མཉམ་ལས་ཁང་ཞིག་བཙུགས་པ་དང་།   གྲོང་མི་མང་པོ་ཞིག་ཀྱང་མཉམ་ལས་ཁང་གི་ལས་མིའི་ནང་དུ་བླངས་ཡོད།    མཉམ་ལས་ཁང་དང་།རྟེན་གཞི།ཞིང་དུད།   ཚོང་ར་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་སྤྱད་ནས་གཅིག་གྱུར་གྱིས་དོ་དམ་བྱས་ཏེ་ཚད་ངེས་ཅན་ནས་ཐོན་ཁུངས་ཀྱི་དགེ་མཚན་གྱིས་དཔལ་འབྱོར་གྱི་ཕན་འབྲས་བཟང་བོ་ལོན་པར་འབད་བརྩོན་བྱས་ཡོད།  

   དཀའ་བའི་ལས་མ་བྱས་ན།ཞིམ་པའི་ཟས་མི་རེག་ཅེས་པ་ལྟར།དཀའ་སྤྱད་དང་དུ་ལེན་ནུས་པའི་མི་ཞིག་ཡིན་ན་རིམ་བཞིན་དེ་བསྟུན་གྱི་འབྲས་བུ་ཡང་ཐོབ་ངེས་པ་རེད།  ན་གཞོན་ཆི་ཡུང་གི་སྣེ་ཁྲིད་འོག  གྲོང་མི་མང་པོ་ཞིག་གིས་མཉམ་ལས་ཁང་དུ་ཞུགས་རྒྱུའི་བསམ་འདུན་བསྟན་པ་དང་།མ་འོངས་པ་ན་གོང་སྟོད་གྲོང་ཚོས་མུའུ་ཁྲི་སྟོང་ལ་ཚེར་ནག་གི་སྡོང་བོ་འཛུགས་པའི་ཕུགས་བསམ་མངོན་འགྱུར་བྱུང་ཐུབ་རྒྱུ་རེད།