དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
སྤོ་བསྡོམས་གྲོང་ཚོའི་སྟར་ཀའི་ར་བ།
རྩོམ་པ་པོ། ཧྲི་ཞུའེ་ཆུན། དུས་ཚོད། 2017-07-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 186

     

 

   རྫ་ཆུའི་གྲོག་རོང་གི་ནུབ་ངོགས་རི་སྐེད་ན་མིང་ལ་སྤོ་བསྡོམས་ཟེར་བའི་མཛེས་སྡུག་ལྡན་པའི་ཞིང་གྲོང་ཞིག་ཆགས་ཡོད།    ལོ་བཞིའི་སྔོན་ལ་གྲོང་མི་རྣམས་ཀྱིས་སྟར་ཀའི་སྡོང་བོ་བཙུགས་འགོ་བརྩམས་ཤིང་། ད་ལྟའི་ཆར་ཡུལ་འདི་ལ་སྟར་སྡོང་གིས་ཡོངས་སུ་བསྐོར་ནས་མཛེས་སྡུག་ལྡན་པའི་ཞིང་ཁམས་ཞིག་ཏུ་གྱུར་ཡོད།     སྤོ་བསྡོམས་གྲོང་ཚོ་ནི་བདེ་ཆེན་ཁུལ་འཇོལ་རྫོང་ཡན་མེན་ཤང་གི་མངའ་ཁོངས་ནང་ཆགས་ཡོད།ཡུལ་འདིའི་ཆགས་ཚུལ་ཐད་ཆ་སྙོམས་བྱས་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ཡོད་ཅིང་།གྲོང་ཚོ་ཡོངས་སུ་ཁྱོན་བསྡོམས་དུད་ཚང333ཡོད།       གྲོང་མི་རྣམས་ཀྱིས་གཙོ་བོ་ཞིང་ཕྱུགས་ལས་ལས་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།    སྔོན་ཆད་ཡིན་ན་ས་ཞིང་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་ལ་གྲོང་ཚོ་ཧྲིལ་བོ་ནི་རི་ཉིལ་འབྱུང་སླ་བའི་ས་མཚམས་སུ་གནས་ཡོད།   འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་ཡང་རང་བྱུང་གི་བཀག་རྒྱ་ཐེབས་ཡོད་པས་མཐའ་འཁོབ་ཀྱི་དབུལ་ཕོངས་གྲོང་ཚོ་ཞིག་ཏུ་གྱུར་ཡོད། 

 

ཉེ་བའི་ལོ་ཤས་རིང་ལ།   སྤོ་བསྡོམས་གྲོང་ཚོས་ཧུར་ཐག་སྒོས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཚོ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་ནས་མངོན་གསལ་དོད་པའི་གྲུབ་འབྲས་བླངས་ཡོད་པ་དང་།   དེ་དང་ཆབས་ཅིག་ཏུ་དབུལ་ཕོངས་གསར་འབྱེད་ཀྱི་སྲིད་ཇུས་བཟང་བོའི་གོ་སྐབས་དམ་འཛིན་གང་ལེགས་བྱས་ནས་མུའུ100ཡན་གྱི་སྟར་ཀའི་འདེབས་འཛུགས་རྟེན་གཞི་དྲུག་དང་།   མུའུ50ཅན་གྱི་ཐོག་བརྩེགས་འདེབས་འཛུགས་རྟེན་གཞི་གཅིག་བཅས་བཟོས་ནས་མུའུ760ལྷག་ལ་སྡོང་འཛུགས་ནགས་བསྐྲུན་བྱས་ཡོད་ཅིང་།    ནགས་ཚལ་གྱིས་ཁེབས་ཚད་80%ལ་སླེབས་ཡོད།   

2013ལོར་ཁུལ་ནགས་ལས་ཅུས་ཀྱིས་གྲོང་ཚོ་ཡོངས་ལ་སྟར་ཀའི་སྡོང་ཕྲུག་སྤྲད་པ་དང་།གྲོང་ཚོའི་ནང་གི་ཏང་ཡོན་རྒན་གྲས་རྣམས་ཀྱིས་ལས་ཀ་འདི་ལ་གཞོགས་འདེགས་དང་ཧུར་ཐག་བྱས་ཏེ་འདེབས་འཛུགས་ཀྱི་སྣེ་ཁྲིད་བྱས་ཡོད།ལོ་ན་དྲུག་ཅུར་སོན་པའི་གྲོང་མི་གཡུང་དྲུང་ནི་ཏང་ཡོན་རྒན་པ་ཞིག་ཡིན་པ་མ་ཟད།   གྲོང་ཚོ་འདིའི་སྟར་ཀའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་ཡིན།  གཡུང་དྲུང་ལགས་ཀྱིས་རྒྱུན་པར་སེམས་བཟང་བཅང་ནས་གྲོང་ཚོའི་ནང་གི་ལས་ཀའི་མགོ་མཇུག་བར་གསུམ་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ་དང་།   ད་དུང་འདེབས་འཛུགས་གསོ་སྦྱོང་ནང་ཞུགས་ནས་བསླབས་ཟིན་པའི་ལག་རྩལ་དང་ཉམས་མྱོང་སོགས་གྲོང་ཚོའི་ནང་གི་ཞིང་པ་རྣམས་ལ་འཁྲིད་ནས་སྟར་ཀའི་ཐོན་ལས་འཕེལ་རྒྱས་ཡོང་བར་ནུས་པ་གང་ལེགས་བཏོན་ཡོད།    ད་ལྟའི་ཆར་སྤོ་བསྡོམས་གྲོང་ཚོ་ནི་མཛེས་ཤིང་སྡུག་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད་ལ། སྟར་ཀ་དང་རྒུན་འབྲུམ་སོགས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བྱུང་ནས་ཞིང་པའི་ཡོང་སྒོ་ཡང་སྔར་ལས་ཇེ་མང་གྱུར་ཏེ་བདེ་སྐྱིད་ལྡན་པའི་གྲོང་ཚོ་ཞིག་ཏུ་ཡང་གྱུར་ཡོད་པ་རེད།  

རྩོམ་སྒྲིག་པ། (ཚེ་དོན།)