དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་དང་ཁྲང་ཧྲ་བར་གྱི་མཁའ་ལམ་འབྱེད་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ། དུས་ཚོད། 2017-07-20 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 23489

            སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ7པའི་ཚེས15དང་ཚེས16ཉིན།ཁུན་མིང་མཁའ་སྐྱོད་ཀུང་སིས་མུ་མཐུད་དུ་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་དང་།སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ།སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་བར་གྱི་མཁའ་ལམ་འབྱེད་པ་རེད།

             ཁུན་མིང་མཁའ་སྐྱོད་ཀྱི་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་ལམ་ཐིག་དེ་ཟླ7པའི་ཚེས15ཉིན་འཕུར་འགོ་བརྩམས་པ་དང་།ཉིན་རེར་ཐེངས་གཅིག་རེ་འཕུར་ལ།གནམ་གྲུའི་ཨང་གྲངས་ནི་KY8355ཡིན།ཁུན་མིང་ནས་སྔ་དྲོ་དུས་ཚོད08:05ཐོག་འཕུར་བ་དང་།དུས་ཚོད་09:05ཐོག་སེམས་ཀྱི་ཉི་ཟླར་འབྱོར་རྗེས།གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པ།གཟའ་པ་སངས་བཅས་སུ་ཧང་ཀྲོའུ་ལ་འཕུར་རྒྱུ་ཡིན་པ་དང་།གནམ་གྲུའི་ཨང་གྲངས་ནི་ KY8357/58ཡིན།གཟའ་མིག་དམར་དང་གཟའ་ཕུར་བུ།གཟའ་སྤེན་པ་བཅས་ལ་ཁྲང་ཧྲ་རུ་འཕུར་རྒྱུ་ཡིན་པ་དང་།གནམ་གྲུའི་ཨང་གྲངས་ནི་KY8355/6ཡིན།ཧང་ཀྲོའུ་དང་ཁྲང་ཧྲ་ནས་སེམས་ཀྱི་ཉི་ཟླར་འབྱོར་རྗེས་19:00ཐོག་ཁུན་མིང་དུ་འཕུར་རྒྱུ་རེད།

            སེམས་ཀྱི་ཉི་ཟླ་ནས་ཁྲང་ཧྲ་དང་།སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་བར་གྱི་ཐད་འཕུར་མཁའ་ལམ་ནི་བདེ་ཆེན་གནམ་གྲུ་ཐང་གིས་གསར་དུ་བསྣན་པའི་ཞིང་ཆེན་གཞན་དུ་ཐད་ཀར་འཕུར་བའི་མཁའ་ལམ་ཡིན་པ་རེད།མཁའ་ལམ་འདི་འབྱེད་རྗེས།བདེ་ཆེན་གནམ་གྲུ་ཐང་ལ་ཁྱོན་བསྡོམས་མཁའ་ལམ་11ཡོད་པས།སྔར་ལས་ལྷག་པའི་སྒོ་ནས་གནམ་གྲུ་ཐང་གི་མཁའ་ལམ་དྲ་བ་ཕུན་སུམ་ཚོགས་པར་བཏང་ཡོད།

            གཞན་རྒྱུས་ལོན་བྱུང་བ་ལྟར་ན།བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་ད་ལོར་ཞིང་ཆེན་གཞན་དུ་ཐད་ཀར་འཕུར་བའི་མཁའ་ལམ་3གསར་འབྱེད་ཀྱི་འཆར་གཞི་ལས་ཕུད།ཀུང་སིས་ཐོན་སྐྱེད་འཁོར་རྒྱུག་གི་ཚད་གཞི་ལེགས་འགྲུབ་བྱུང་བར་འགན་སྲུང་བྱས་པའི་གནས་ཚུལ་འོག ཡུལ་སྐོར་མི་གྲངས་ཐེངས་ཁྲི60བསྐྱལ་བའི་དམིགས་འབེན་འགྲུབ་ཐབས་ བྱས་ཏེ།བདེ་ཆེན་ཁུལ་བཙུགས་ནས་ལོ་འཁོར་60ལོན་པར་ལེགས་སྐྱེས་འབུལ་རྒྱུ་རེད།

 

རྩོམ་སྒྲིག་པ། (པདྨ།)