དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་སྦྱོར་ཤེས་བྱ།
དབྱར་རྩྭ་དགུན་འབུ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-07-20 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 100


 དབྱར་རྩྭ་དགུན་འབུ་ནི་རང་རྒྱལ་མཚོ་བོད་མཐོ་སྒང་གི་ཁྱད་ནོར་ཡིན། དགུན་དུས་འབུ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་ས་གཏིང་དུ་ཡོད་པས་ལུས་ལ་འབུ་ཕྲ་ཞུགས་ནས་བཅུད་འཇིབ་ཚར་བས་ཤི་བ་ཡིན། དབྱར་ཁར་མྱུ་གུ་གཅིག་པུར་འབུ་ཕྲའི་སྟེང་ནས་སྐྱེས་ཤིང་ས་ཁར་མངོན། ངོས་ནི་ཁམ་ནག་མདོག་དང་བཅག་ཤུལ་དཀར་བ། ངར་བའི་རྟིང་ནི་སའི་འོག་གི་འབུ་ཕྲའི་མགོ་དང་སྦྲེལ་ཡོད། འབུ་ཕྲའི་མདོག་ནི་སེར་ནག་དང་རིང་ལ་ཀ་ཟླུམ་དབྱིབས་སུ་མངོན། རིང་ཚད་ལི་སྨི3ནས5བར་དང་། དར་འབུ་དབྱིབས་དང་འདྲ།
 དབྱར་རྩྭ་དགུན་འབུ་ནི་བོད་རང་གི་ས་ཆ་མང་ཆེ་ཤོས་སུ་སྐྱེས་ཐུབ་ཀྱི་ཡོད།  དེ་དག་ལས་གཙོ་བོ་བོད་ལྗོངས་ནང་ཁུལ་གྱི་གདང་ལ་རི་རྒྱུད་དང་། ནུབ་རོང་ཁོངས་ཀྱི་འབྲི་རུ་དང་། སོག་རྫོང་།    འདམ་གཞུང་། ལྷ་རི། སྟེང་ཆེན་སོགས་དང་། ཆབ་མདོ་ས་ཁུལ་གྱི་བྲག་གཡབ།  གོ་འཇོ། ཆབ་མདོ་བཅས་དང་ལྷོ་ཁ་ས་ཁུལ་གྱི་ལྷུན་རྩེ་དང་། རྒྱ་ཚ་སོགས་ས་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3900ནས5200བར་གྱི་ས་མཐོ་ས་དང་ལུང་ཁུག་ཏུ་སྐྱེས་ཀྱི་ཡོད། ཁྱབ་ཁོངས་ཡུན་ནན་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ཡིན།  མཚོ་སྔོན་གྱི་ཕྱོགས་ནས་མགོ་ལོག་དང་ཡུལ་ཤུལ་ས་ཁུལ་ནས་ཐོན་པའི་དབྱར་རྩྭ་དགུན་འབུ་ཆེ་ཞིང་སྤུས་བཟང་བས་སྙན་གྲགས་རྒྱས་ཡོད།   བོད་ལྗོངས་ཕྱོགས་ནས་ནག་ཆུའི་དབྱར་རྩྭ་མིང་ཆེ།   ས་ངོས་ཀྱི་མཐོ་ཚད་དང་ས་གཤིས།   ནམ་ཟླ་སོགས་ཁོར་ཡུག་མི་འདྲ་བའི་དབང་གིས་ཡུལ་ལུང་སོ་སོ་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་སྤུས་ཀ་དང་ཆེ་ཆུང་ལ་ཡང་ཁྱད་པར་ཡོད།  
  ཟླ4པ་ནས་ཟླ6བར་དབྱར་རྩྭ་དགུན་འབུ་འཐུ་བ་དང་། འཐུས་རྗེས་ལེགས་པར་སྐམ་དགོས།  བེད་སྤྱོད་སྐབས་དབྱར་རྩྭ་དགུན་འབུ་ཧྲིལ་བོ་སྨན་དུ་སྤྱོད་ཆོག  དེ་མིན་ཁུ་བ་བསྐོལ་བའམ་དབྱར་རྩྭ་དགུན་འབུ་ཕྱེ་མར་བཏགས་ནས་འཐུང་ཡང་ཆོག    གང་ལྟར་སྨན་རྫས་ཀྱི་ཕྱོགས་སུ་བཀོལ་རྒྱ་ཤིན་ཏུ་ཆེ་བའི་སྨན་རྩྭ་ཁྱད་པར་ཅན་ཞིག་ཡིན།  
 དབྱར་རྩྭ་དགུན་འབུ་ནི་མཐོ་སྒང་གི་ཁྱད་ནོར་རྩྭ་ཆེན་ཞིག་ཡིན་ལ།    རིམ་འགོག་ནུས་པ་ཁྱད་དུ་འཕགས་ཅེས་ཀུན་གྱིས་ཁས་ལེན་དང་ཡིད་ཆེས་ཐོབ་ཡོད།    ཉེ་བའི་ལོ་འགའི་རིང་ལ།   དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོར་སོང་ཡོད་པས།    དབྱར་རྩྭའི་ཡོང་སྒོས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་བཏང་ཡོད་ཅིང་།   དབྱར་རྩྭ་བརྐོ་བ་ཡང་ལོ་གཅིག་གི་ནང་ནས་ཅུང་གལ་ཆེ་བའི་བྱ་བ་ཞིག་ཏུ་གྱུར་ཡོད་པ་རེད།     

རྩོམ་སྒྲིག་པ། (ཚེ།)