དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཁུལ་ཡོངས་ཀྱིས་དཔལ་འབྱོར་ནགས་ཚལ་མུའུ་ཁྲི་4ལྷག་གསར་སྣོན་རྒྱག་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། གཡང་མཚོ། དུས་ཚོད། 2017-07-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 124

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2014ལོ་འཁོར་དང་2015ལོ་འཁོར་དུ།རྒྱལ་ཁབ་ཀྱིས་བདེ་ཆེན་ཁུལ་གྱི་འབོར་ཐེངས་གསར་པའི་ཞིང་དོར་ནགས་སྤེལ་གྱི་ལས་འགན་མུའུ་ཁྲི་5.8སྤྲད་པ།2016ལོ་མཇུག་གི་བར།རང་ཁུལ་གྱིས་མུའུ་ཁྲི་5.3གྱི་ལས་གྲྭའི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཤིང་།དཔལ་འབྱོར་ནགས་ཚལ་ཁྱོན་བསྡོམས་མུའུ་41276.9འཕེལ་རྒྱས་བཏང་བ་རེད།

       2014ལོ་འཁོར་དང་2015ལོ་འཁོར་གྱི་འབོར་ཐེངས་གསར་པའི་ཞིང་དོར་ནགས་སྤེལ་ལས་གྲྭའི་རྫོང་(གྲོང་ཁྱེར)རིམ་པའི་ལས་སྒྲུབ་ཇུས་འགོད་ལྟར།ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)སོ་སོ་ཡིས་རང་ས་གནས་ཀྱི་དོན་དངོས་དང་བསྟུན་ནས།ཤིང་སོན་འདེམས་སྒྲུག་ཐད་ཞིང་དོར་བྱེད་པའི་ཞིང་དུད་ཀྱི་ད་ཕྱིན་གྱི་དཔལ་འབྱོར་ཡོང་འབབ་ལ་དོ་སྣང་བྱས་ཤིང་།སྐྱེ་ཁམས་ཀྱི་ཕན་ནུས་ཡོད་པ་དང་དཔལ་འབྱོར་གྱི་ཕན་ནུས་ཀྱང་ཡོད་པའི་ཤིང་སོན་བདམས་ཡོད་པ་དང་།དཔལ་འབྱོར་ནགས་ཚལ་ཁྱོན་བསྡོམས་མུའུ་41276.9འཕེལ་རྒྱས་བཏང་ཡོད་ལ།འཆར་འགོད་ལས་འགན་གྱི་78%ཟིན་པ།

       ལས་གྲྭ་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱལ་གཏོང་བའི་དཔལ་འབྱོར་ནགས་ཚལ་དུ་ཤིང་རིགས་སྣ་10ལྷག་བཙུགས་ཡོད།དེའི་ནང་སྟར་ཀ་མུའུ་24172.2དང་གཡེར་མ་མུའུ་5678.6 བཀྲག་རྩི་ཤིང་མུའུ་4445.3 ཚེར་ནག་མུའུ་3755.1 སེ་ཡབ་མུའུ་1732.4 རི་ཁམ་མུའུ་499.5 སྣུམ་ཐོན་པའི་སྐྱུ་རུ་མུའུ་473.2 སྣུམ་ཐོན་པའི་ར་དུ་མེ་ཏོག་མུའུ་59.7 ད་ཏྲིག་མུའུ་55.8།ཀུ་ཤུ་མུའུ་31.1བཅས་བཙུགས་ཡོད་པ་རེད།  

 

རྩོམ་སྒྲིག་པ། (གཡང་མཚོ།)